国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月30日

ཆབ་མདོའི་ཏང་ཡོན་ལས་བྱེད་པ700ལྷག་གིས་གླུ་གཞས་བླངས་ཏེ་ ཏང་གི་འཁྲུངས་སྐར་བསུས་པ།

འདི་ནི་མཉམ་ལེན་འགྲན་སྡུར་གྱི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོ། གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། གྲོང་ཁྱེར་རིག་གནས་ཡུལ་སྐོར་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པ་བརྗོད་དོན་གཙོ་བོའི་གསར་བརྗེའི་གླུ་གཞས་མཉམ་ལེན་འགྲན་སྡུར་སྤེལ་བ་རེད། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་དེ་བཞིན་ཆབ་མདོར་སྡོད་པའི་ཚན་པ་བཅས་ཀྱི་མཉམ་ལེན་རུ་ཁག14ཡི་ཏང་ཡོན་ལས་བྱེད་པ700ལྷག་གར་སྟེགས་གཅིག་གི་ཐོག་ཏུ་འགྲེང་ནས་གླུ་གཞས་བླངས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་ལེགས་སྐྱེས་ཕུལ་ཡོད་པ་རེད།

ཐེངས་འདིའི་འགྲན་སྡུར་གྱི་གླུ་གཞས་ནི་གསར་བརྗེའི་ལོ་རྒྱུས་དང་དུས་རབས་ཀྱི་འཕེལ་རྒྱས་བརྗོད་དོན་གཙོ་བོར་བཟུང་ཡོད་པ་དང་།《 དཔའ་བོར་བསྟོད་གླུ་འབུལ་བ》དང 《ངའི་མེས་རྒྱལ 》 གྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོས་ཞུས་ཏེ་གུང་ཁྲན་ཏང་མིའི་བློ་དཀར་གྱི་རང་མདངས་མངོན་པར་བྱས་ཡོད།《ང་ཚོ་བགྲོད་ལམ་ཆེན་པོའི་ཐོག་ཏུ་བསྐྱོད》《རྒྱལ་ཁབ》《ཐོག་མའི་བསམ་འདུན་མི་བརྗེད་པ》བཅས་ཀྱིས་ཆབ་མདོའི་ཏང་ཡོན་ལས་བྱེད་པས་གངས་ལྗོངས་ས་མཐོ་ཐོག་ཏུ་རྩ་བ་ཚུགས་ཏེ་རང་ནུས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད། དེ་ལས་ཀྱང《ཆབ་མདོའི་བུ་ཕྲུག་གི་བརྩེ་སེམས》《དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན》《 ཁྱེད་ལ་ཐུགས་རྗེ་ཆེ་ཞུ》སོགས་བབ་ཆགས་པའི་གླུ་ཚིག་དང་མི་སེམས་འགུལ་བའི་དབྱངས་རྟ་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་དྲིན་ཚོར་སེམས་པ་དང་ཕ་ཡུལ་གྱི་འཕོ་འགྱུར་ལ་བསྟོད་གླུ་གྱེར་བས་ས་གནས་ས་ཐོག་གི་ལྟད་མོ་བ་མི་ཉུང་བ་ཞིག་གིས་མིག་ཆུ་བཞུར་ཡོད།

འགྲན་སྡུར་དྲག་པོ་བྱས་པ་བརྒྱུད། མཉམ་ལེན་གླུ་གཞས《ཐོག་མའི་བསམ་འདུན་མི་བརྗེད་པ》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ས་གནས་ཀྱི་བརྩམས་ཆོས་གསར་པ《ཆབ་མདོའི་བུ་ཕྲུག་གི་བརྩེ་སེམས》《 ཁྱེད་ལ་ཐུགས་རྗེ་ཆེ་ཞུ》ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ་པ། 《 དཔའ་བོར་བསྟོད་གླུ་འབུལ་བ》《ངའི་མེས་རྒྱལ 》《དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན》ཞེས་པར་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

ཐེངས་འདིའི་མཉམ་ལེན་འགྲན་སྡུར་ནི་གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་ཏང་རྩ་འཛུགས་ཀྱི་མཉམ་འཛུགས་མཉམ་སྐྲུན་གྱི་ཕན་བདེ་ཚོད་ལྟ་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡང་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པའི་བསམ་བློའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་ཡོད།