国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月30日

ཁྲུང་ཆིན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་ དང་བླངས་ཁྲག་སྦྱིན་བྱེད་སྒོ་སྤེལ་བ།

འདི་ནི་ལས་དོན་མི་སྣས་བོད་སྐྱོར་ལས་བྱེད་པར་ཁྲག་རྒྱུན་ལྟ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས27ཉིན། ཁྲུང་ཆིན་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་ཁག་གཅིག་པས་ཆབ་མདོ་གྲོང་ཁྱེར་ལྟེ་གནས་ཁྲག་མཛོད་དུ“ཐོག་མའི་བསམ་འདུན་ལག་ལེན་བསྟར།བོད་སྐྱོར་འགན་འཁྲི་ཕྲག་ཏུ་འཁུར”ཞེས་པའི་རིན་མེད་ཁྲག་འབུལ་བྱེད་སྒོ་སྤེལ་བ་རེད།

བོད་སྐྱོར་ལས་བྱེད་པ་ཚོས་ཁྲག་སྦྱིན་འབུལ་གྱི་བརྒྱུད་རིམ་ནན་པོ་ལྟར་ཐོ་འགོད་དང་རེའུ་མིག་རྒྱོང་བ་དང་། བདེ་ཐང་བློ་འདྲི་བྱེད་པ། ཁྲག་དབྱེ་བཤེར་བྱེད་པ་སོགས་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། ཁྲུང་ཆིན་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་མི27ཧུར་ཐག་གིས་ཁྲག་སྦྱིན་བྱེད་སྒོ་ནང་ཞུགས་པ་དང་། མི14ཡི་ཁྲག་སྦྱིན་ལེགས་གྲུབ་བྱུང་ནས་ཁྲག་ཧའོ་ཧྲེང3900འབུལ་ཡོད་པ་རེད།