国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月29日

ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས23ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡིག་འབུལ་ཞུ་བཅར་ཅུས་སུ་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ་རེད།

ཡིག་འབུལ་ཞུ་བཅར་ཁང་དུ།ཀུང་ཟི་ག་གེ་མོའི་ཝང་ག་གེ་མོའི་བཟོ་སྐྲུན་གྱི་གྲོན་དངུལ་འགྱངས་ཆད་ཀྱི་གནད་དོན་བཏོན་ཡོད། ཀྲོང་ཅིན་སུང་གིས་ནན་ཏན་གྱིས་རེ་འབོད་ལ་མཁྱེན་རྟོགས་ཞིབ་ཕྲ་བྱས་པ་མ་ཟད་འབྲེལ་ཡོད་ཚན་པ་དང་ཐག་གཅོད་བྱ་ཐབས་ལ་ཞིབ་འཇུག་གནང་ཞིང་། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་དགོས་ཤིང་།འགན་སྲུང་བྱ་ཐབས་ནན་ཏན་གྱིས་དོན་ཐོག་ཏུ་འཁྱོལ་བ་དང་།གླ་ཆ་འགྱངས་ཆད་ཀྱི་རྩིས་དངུལ་ཕུགས་ཕན་བཅོས་སྐྱོང་གི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་ཆད་དངུལ་གཙང་སྤྲོད་བྱེད་དགོས་ཅེས་བསྟན། དོ་བདག་གིས་ཐག་གཅོད་མཇུག་འབྲས་ལ་བློ་ཡིད་ཚིམས་པའི་རྣམ་འགྱུར་བསྟན་ཡོད། སྒེར་གཉེར་ཚོང་དུད་སྒྲོལ་ག་གེ་མོའི་བཏོན་པའི་ཁང་པ་གླ་གཏོང་རྩོད་གཞིར།ཀྲོང་ཅིན་སུང་གིས་ནན་ཏན་གྱིས་གསན་ཞོར་དུ་དཔྱད་ཡིག་ལྟ་ཀློག་དང་གནད་འགག་གསལ་བཟོ་བྱས་པ་མ་ཟད་རྩ་ཁྲིམས་ཀྱི་ཟུར་ངོས་ནས་ལས་དོན་སྒྲུབ་ཅིང་གླེང་མོལ་བྱས་པ་དང་།ཡིག་འབུལ་ཞུ་བཅར་ཁྲིམས་སྐྱོང་ཅན་གྱི་བླང་བྱ་གསལ་པོ་བཤད་དེ་དོ་བདག་ལས་བརྩོན་ཕྱུག་འགྱུར་ཡོང་དགོས་པའི་སྐུལ་མ་བཏང་ཡོད།ཁོང་གིས་འབྲེལ་ཡོད་ཚན་པ་དང་ཁོངས་གཏོགས་སྲིད་གཞུང་གིས“དམིགས་སར་འབྱོར་བ་གསུམ་དང་ཐག་གཅོད་གཅིག་གི”རྩ་དོན་གནད་སྨིན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། ཡིག་འབུལ་ཞུ་བཅར་མང་ཚོགས་ཀྱི་བསམ་བློའི་ཁྲིད་སྟོན་དང་རོགས་སྐྱོར་རོགས་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

མང་ཚོགས་ངག་ག་གེ་མོའི་གྲོང་ཁྱེར་དོ་དམ་ཨར་སྐྲུན་གྱིས་རང་གི་ཁང་པར་གཏོར་སྐྱོན་བཏང་བར།ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་དགོངས་དག་ཞུས་པ་དང་།ཏང་ཡོན་ལས་བྱེད་པ་ནི་ཏང་དང་སྲིད་གཞུང་གི་སྣང་བརྙན་ཡིན་པས། ནོར་འཁྲུལ་ངོས་ཟིན་པ་དང་།ངོས་འཛིན་ཡོ་བཅོས་བྱེད་དགོས།ཁོངས་གཏོགས་ཁྲོམ་གཞུང་གིས་སྤྱོད་ཚུལ་ལེགས་སྒྱུར་དང་།དོན་འཁྱོལ་དམ་འཛིན།འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ཏེ།ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མང་ཚོགས་ལ་མ་ཉེས་ཁ་གཡོགས་གཏན་ནས་མི་ཐེབས་པ་བྱེད་དགོས་ཅེས་བསྟན།

ཡིག་འབུལ་ཞུ་བཅར་རིང་།ཀྲོང་ཅིན་སུང་གིས་ཡིག་འབུལ་ཞུ་བཅར་ནི་སྒོ་མདུན་དུ་བཅར་བའི་མང་ཚོགས་ཀྱི་ལས་དོན་ཞིག་ཡིན་ལ།སྲིད་དོན་ལས་རྗེས་ལྟ་བར་ཞིབ་དཔྱད་བྱེད་པའི་ཚད་ཤིང་གཙོ་བོ་ཞིག་ཀྱང་ཡིན་པས། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།མང་ཚོགས་ཀྱིས་བཏོན་པའི་གནད་དོན་འཇུག་སྒོ་བཟུང་ནས་ཟུར་བསྟན་ལེབ་མཐོང་དང་།འབྱུང་གནས་འཚོལ་བ། གནད་བསྟུན་ཇུས་འདོན་བཅས་བྱས་ཏེ།གནད་དོན་གཅིག་ཐག་གཅོད་བྱེད་པ་ནས་གནད་དོན་རིགས་གཅིག་ཐག་གཅོད་ཐུབ་པའི་ལམ་ལུགས་སྒྲིག་གཞི་ཆགས་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།