国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月29日

བྲག་གཡབ་རྫོང་བྱིས་པ་ཁང་དང་པོས་ཕ་བུའི་རོལ་རྩེད་ཀྱི་འགག་སྒོ་སྒྲོལ་བ་ཞེས་པའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བྲག་གཡབ་རྫོང་བྱིས་པ་ཁང་དང་པོས་སྤྲོ་སྣང་ལྡན་པའི་ངང་ཕ་བུའི་རོལ་རྩེད་ཀྱི་འགག་སྒོ་སྒྲོལ་བ་ཞེས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། ལས་དོན་མི་སྣ་ཚོས་བྱིས་པའི་ལོ་ཚོད་ཀྱི་ཁྱད་ཆོས་དང་དགའ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ་རྩེད་མོའི་རྣམ་གྲངས་མང་པོ་ཇུས་འགོད་བྱས་ཡོད།རོལ་རྩེད་ལ་སྤྲོ་སྣང་ལྡན་པའི་རང་བཞིན་དང་འགུལ་སྐྱོད་ཀྱི་རང་བཞིན་ལྡན་ལ། ཁྱིམ་བདག་ཚོའི་རོགས་རམ་འོག ཕྲུ་གུ་ཚོ་རོལ་རྩེད་ཀྱི་འགྲན་སློང་རེ་རེའི་ནང་དཔའ་ངར་ཆེན་པོས་ཞུགས་ནས་ལུས་རྩལ་གྱི་སྤྲོ་སེམས་ལ་སྐུལ་སློང་གང་ལེགས་བྱས་ཡོད་པ་རེད།