འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རི་བོ་ཆེ་རྫོང་གི་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དངོས་སུ་དབུ་བརྙེས་པ་དང་།སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་ཡང་འཚོགས་ཤིང་། སྒྲིག་ཡིག་དང་ཚོགས་དངུལ་དོ་དམ་བྱེད་ཐབས་སོགས་ཀྱི་ལམ་ལུགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལས་འཛིན་ལྷན་ཚོགས་སྐབས་དང་པོ་དང་། ལྟ་ཞིབ་པའི་ལྷན་ཚོགས་དང་ཚོགས་གཙོ།དྲུང་ཡིག་ཆེན་མོ་སོགས་སྐབས་གསར་པའི་ཚན་ཁག་བདམས་ཐོན་བྱུང་བ་དང་ལས་གནས་བསྐོ་བཞག་ཡི་གེ་ཡང་སྤྲད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དེ་ནི་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣ་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་སོགས་ཀྱིས་རང་མོས་ངང་གྲུབ་པའི་ས་གནས་རང་བཞིན་དང་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་རྩ་འཛུགས་ཤིག་རེད། གོམ་སྟབས་རྗེས་མར་སྤྱི་ཁྱབ་ཚོགས་པས་རྫོང་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཆེད་དོན་དགེ་སྒྲུབ་ཐེབས་རྩ་འཛུགས་རྒྱུ་དང་། རྒན་རྒོན་ལ་བསྙེན་བཀུར་དང་། བྱིས་པར་རོགས་སྐྱོར། སློབ་མར་རོགས་སྐྱོར། དཀའ་སེལ་སོགས་ཀྱི་བྱེད་སྒོ་རྒྱུན་རྣམ་ཅན་དུ་བསྒྱུར་ནས་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་རོགས་རམ་བྱ་རྒྱུ་རེད།

