འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་23ཉིན། གྲོང་ཁྱེར་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི2026ལོའི་སྐྲ་བཞིན་མཛེས་བཅོས་མཁན་གྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་སློབ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་20ཡིན་པ་དང་། སྤྱི་ཕན་སློབ་ཡོན་མི་དགོས་པར་སློབ་ཁྲིད་བྱ་རྒྱུ་དང“རིགས་གཞུང་སློབ་ཁྲིད་དང་དངོས་སྦྱོང་འཁྲབ་སྦྱོང”གཞི་གཅིག་ཅན་གྱི་བྱེད་ཐབས་སྤྱད་དེ་ལས་རིགས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་སྐྲ་བཞར་བ་དང་སྐྲ་འཁྱིལ་བཟོ་བ། མཛེས་ལས་ཞབས་ཞུ་ཚད་ལྡན་སོགས་ཀྱི་དངོས་སྤྱོད་སློབ་ཚན་ཁྲིད་རྒྱུ་ཡིན་པ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས་ཚད་གཞི་ལོན་མཁན་ལ་ལས་རིགས་རྩལ་ནུས་ལག་ཁྱེར་སྤྲོད་རྒྱུ་མ་ཟད་ས་གནས་དེ་གའི་མཛེས་བཟོ་སྐྲ་བཞར་ཁང་དང་སྦྲེལ་མཐུད་བྱས་ནས་ལས་ཞུགས་ཐབས་ལམ་མཁོ་འདོན་བྱས་ཏེ་མང་ཚོགས་ཀྱིས་ལག་རྩལ་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

