འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6པའི་ཚེས23ཉིན་ནས་ཚེས24ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གོ་འཇོ་རྫོང་དང་འཇོ་མདའ་རྫོང་དུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན། གྲོང་ཁྱེར་གསར་སྒྱུར། གྲོང་གསེབ་འགྲུལ་སྐྱེལ། སློབ་གསོ་སློབ་ཁྲིད་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བའི་ཁར། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས་ཡོད།
ལའོ་ཆིན་འུའུ་ཡིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནི་འཕེལ་རྒྱས་ཁྱོན་ཡོངས་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་ཡོད་པས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་དགོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། ཡུལ་བབ་དང་བསྟུན་པ། རིམ་ལྡན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དངོས་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས། ཁྱད་ལྡན་གྱི་གསོ་སྤེལ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བར་ཁྲོམ་རའི་ངེས་གནས་ཡང་དག་འཚོལ་བ་དང་། སྒྲིག་གཞི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། “སྲིད་ཇུས་ཀྱི་ཁྲིད་སྟོན+ཚན་རྩལ་གྱི་ནུས་པ+མང་ཚོགས་ཞུགས་པ+སྣ་མང་ཚོང་གཉེར”བཅས་ཀྱི་འཕེལ་རྒྱས་རྣམ་པ་མགྱོགས་མྱུར་བསྐྲུན་པ་བཅས་བྱས་ཏེ། ཚད་གཞིས་ཉེན་ཁ་ཉུང་གཏོང་དང་། སྤུས་ཀས་ཁྲོམ་རར་ཁེ་སྤྲོད། གཞི་ཁྱོན་གྱིས་འབབ་འཕར་ལ་སྐུལ་འདེད་བཅས་གཏོང་དགོས། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་ནི་དམངས་འཚོའི་འདུ་འགོད་ཤིག་ཡིན། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་དང་གྲངས་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། བདེ་འཇགས་དང་བརྟན་ལྷིང་། ཕན་འབྲས་བཅས་ཀྱི་ཞབས་ཞུ་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཕར་འགྲོ་ཚུར་འོང་བྱེད་པར་སྟབས་བདེ་བསྐྲུན་དགོས། སློབ་གྲྭའི་ལས་དོན་གྱིས་ཚད་གཞི་ཅན་གྱི་འཛུགས་སྐྲུན་དང་ཚད་ལྡན་ཅན་གྱི་དོ་དམ་མཐའ་འཁྱོངས་བྱེད་པ་དང་། དཔྱད་དཔོག་སྒྲིག་གཞི་འཐུས་ཚང་དུ་བཟོ་བ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། རྒྱུན་རྣམ་ཡུན་ཕན་གྱིས་ཟས་རིགས་ཀྱི་བདེ་འཇགས་དང་། འགྲིམ་འགྲུལ་བདེ་འཇགས། ལུས་སེམས་བདེ་འཇགས་སོགས་ཀྱི་གཙོ་གནད་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ་སློབ་མ་ཚོ་ནར་སོན་འཚར་ལོངས་ཡོང་བར་རོགས་འདེགས་བྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བར་ཁྲོམ་རའི་དགོས་མཁོ་དང་འབྲེལ་ཏེ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཕྱོགས་བསྡུས་འགྲེམས་འཚོང་སྟེགས་བུ་སྤྱད་དེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་། ཐོན་ལས་རིམ་སྤར། ཐུན་མོང་ཕྱུག་འགྱུར་ཡོང་བའི་མཉམ་འདྲེས་གཏིང་ཟབ་དང་དཔུང་གཤིབ་མཉམ་སྐྱོད་བྱེད་དགོས་ཅེས་བསྟན།

