国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月29日

ལའོ་ཆིན་འུའུ་ཡིས་སྨར་ཁམས་རྫོང་དུ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས22ཉིན་ནས་ཚེས23ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་སྨར་ཁམས་རྫོང་དུ་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་།གཙོ་གནད་ཐོན་ལས་འཕེལ་རྒྱས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཚུར་ལེན་གནང་བའི་གནད་དོན་དག་ཐེར་ལ་སྒྲུབ་སྐུལ་བྱས་པ་རེད།

ལའོ་ཆིན་འུའུ་ཡིས་སྔ་རྗེས་སུ་སྨར་ཁམས་རྫོང་གི་རོང་སྨད་གྲོང་རྡལ་དུ་བསྐྱོད་དེ་ཐོན་ལས་གླིང་ཁུལ་དང་། ཆུ་གློག་ཅུས་བཞི་པ་བཅས་སུ་རོང་སྨད་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དང་ཐོན་ལས་གླིང་ཁུལ་གྱི་ཚོང་འགུགས་མ་འདྲེན། ཚད་གཞི་ཅན་གྱི་བཟོ་གྲྭ་འཛུགས་སྐྲུན། ཐོན་ལས་ཐོན་ནུས་སོགས་ཀྱི་ལས་དོན་གྲུབ་འབྲས་སྙན་སེང་ལ་གསན་པ་མ་ཟད། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཡུལ་དངོས་སུ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྨར་ཁམས་ནི་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། རྫ་ཆུ་དང་ངོམ་ཆུ་གཉིས་ཀྱི་བརྒྱུད་ལམ་ཡིན་པས་ས་ཁོངས་ཀྱི་དགེ་མཚན་ཆེ་ཞིང་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྲིད་སྟོན་བྱེད་པ་དང་། གྲོང་ཨུད་ཀྱི“3+1+1”གི་ལས་འགན་ཆེན་པོར་དམིགས་པ། ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་ཏེ་བྱ་ཐབས་ཀྱི་ཐབས་ལམ་ཡང་དག་འཚོལ་བ་དང་། རྒྱུ་རྐྱེན་གྱི་འགན་སྲུང་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མའི་ཐོན་ལས་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་དང་མི་རིགས་ཀྱི་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ལས་ཀྱི་སྒྲིག་གཞི་ལེགས་སུ་གཏོང་བ། ནུས་མང་ལྷུ་ལག་འཐུས་ཚང་དུ་བཏང་ནས་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་མཉམ་འདྲེས་བཟང་པོའི་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་རྒྱུ་ཤུགས་བརྒྱབ་ཏེ། ནུས་ཤུགས་ཡོད་རྒུས་སྨར་ཁམས་ཀྱི་ཐོན་ལས་འདི་ཉིད་བོད་ཤར་གྱི་ནུས་རྒྱུ་གཙང་མའི་མཐོ་ས་དང་། ཞིང་འབྲོག་པའི་ལས་ཞུགས་ལེགས་སྒྱུར་གྱི་རྟེན་གཞི། སློབ་གྲྭ་ཆེ་མོ་བ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་ས་ཤིག་ཏུ་འགྱུར་བ་བྱེད་དགོས་ཅེས་བསྟན།