འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས15ཉིན། རང་རེའི་གྲོང་ཁྱེར་གྱིས་ཉེན་བརྡའི་སློབ་གསོའི་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཚོགས་འདུའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད།ཉེན་བརྡའི་སློབ་གསོའི་གློག་བརྙན་བལྟས་པ་དང་།གྲོང་ཁྱེར་ཡོངས་ཀྱི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བ་རེད།
ཚོགས་འདུ་ཡིས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ།རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཟུང་ཤུགས་ཕྱོགས་ཡོངས་ནས་ཡིད་ཆེས་ཆེར་སྐྱེད་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ཀྱིས་སྲ་བརྟན་དུ་བཏང་ཀྱང་། འོན་ཀྱང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་གཏོང་བར་ད་དུང་ཧེ་བག་བྱུང་ཡོད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ།“མེ་ལོང་ངོས་གཉིས”སྤྱད་དེ་མིག་ལྟོས་ཡར་འགྲན་དང་། མི་ཆོས་གཙང་མ། གཞུང་དྲང་ལས་སྒྲུབ། དྭངས་གསལ་དཔོན་ཁུར་བཅས་བྱས་ཏེ། སྤྱོད་ཚུལ་ལེགས་པོ་དང་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”གྱི་གཟི་བརྗིད་དང་མཚན་སྙན་ལ་བརྩི་སྲུང་ཞུ་དགོས་ཅེས་བསྟན།
ཚོགས་འདུ་ཡིས་སྤྱི་དོན་དུ་ཏང་འཛུགས་པའི་ཏང་གཤིས་རྩ་དོན་བརྩི་སྲུང་བྱེད་དགོས་ཤིང་།
ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་ཨང་དང་པོར་བཞག་ནས་རྒྱུན་ཆད་མེད་པར་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་དད་མོས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ། ཐོག་མའི་བསམ་འདུན་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། ལངས་ཕྱོགས་མི་འགྱུར་བ་བཅས་ཐུབ་པ་བྱ་རྒྱུ། དམངས་ལ་བདེ་སྐྱིད་སྐྲུན་པའི་རིན་ཐང་དོན་གཉེར་བརྩི་སྲུང་བྱེད་དགོས་ཤིང་། སེམས་ནང་མང་ཚོགས་བཅངས་པ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་ཏེ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པའི་ལས་ཀའི་བྱ་ཐབས་ནན་པོ་སྲུང་དགོས་ཤིང་། རྟོག་ཞིབ་ཞིབ་འཇུག་རྒྱ་ཆེར་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ། དངོས་ཐོག་བདེན་འཚོལ་དང་ཆོས་ཉིད་བརྩི་འཇོག་གིས་ཐབས་ཇུས་ལ་ཚན་རིག་དང་མཐུན་པའི་དམངས་གཙོ་ཡོད་པ་དང་། ལག་ལེན་ལ་བློ་ཐག་ཆོད་པའི་ནུས་པ་ལྡན་པ། ལས་སྒྲུབ་ལ་ཁྲིམས་དང་མཐུན་པའི་ཕན་འབྲས་ཆེ་བ་བཅས་ཐུབ་པ་བྱེད་དགོས། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་བརྩི་སྲུང་བྱེད་དགོས་ཤིང་། སྒྲིག་ཁྲིམས་བརྩི་སྲུང་དང་། ཧུར་བརྩོན་ལས་སྒྲུབ། སྲབ་མདའ་གློད་ནས་ལས་ཀ་སྒྲུབ་པ་དང་དོན་ཆེན་འགྲུབ་ཐུབ་པར་མཁས་པ་བཅས་བྱས་ཏེ། སྤྱོད་ཚུལ་ལེགས་པོས་བྱ་གཞག་གོང་འཕེལ་གཏོང་བའི་གནམ་ས་གསར་པ་གཏོད་རྒྱུའི་བླང་བྱ་བཏོན་ཡོད།

