国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月19日

ཆབ་མདོ་གྲོང་ཁྱེར་གྱི་2026ལོའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭར་སློབ་མ་བསྡུ་བའི་ཡིག་རྒྱུགས་ལེན་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6པའི་ཚེས་16ཉིན།ཆབ་མདོ་གྲོང་ཁྱེར་གྱི་2026ལོའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭར་སློབ་མ་བསྡུ་བའི་ཡིག་རྒྱུགས་དངོས་སུ་ལེན་འགོ་ཚུགས་ཤིང་།གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་ནས་ཡོང་བའི་སློབ་ཆུང་སློབ་ཐོན་སློབ་མ་2800ལྷག་ཙམ་རྒྱུགས་རར་ཞུགས་པ་རེད།རྒྱུགས་རའི་ཕྱི་ནང་གི་སྒྲིག་ལམ་གོ་རིམ་ལྡན་པ་དང་།རྒྱུགས་སྤྲོད་སློབ་མ་དང་།ཁྱིམ་བདག འགན་སྲུང་ལས་དོན་མི་སྣ་བཅས་ཀྱིས་རང་འགན་ཡག་པོ་བསྒྲུབས་ནས་ད་ཐེངས་ཀྱི་ཡིག་རྒྱུགས་བདེ་བླག་ངང་སྤྲོད་ཐུབ་པ་བྱས་པ་རེད།

རྒྱུགས་རའི་ནང་རྒྱུགས་སྤྲོད་སློབ་མ་ཚོས་རེ་སྒུག་དང་ཡིད་ཆེས་ཀྱི་བསམ་པ་བཅངས་ནས་ལོ་དྲུག་གི་རིང་ལ་སྦྱངས་པའི་ཤེས་ཡོན་གྱི་ལམ་ཆས་གྲ་སྒྲིག་ལེགས་པར་བྱས་ཤིང་ཡིག་རྒྱུགས་གལ་ཆེན་འདིའི་འགྲན་སློང་བསུ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་རེད།

རྒྱུགས་རའི་ཕྱི་རོལ་དུ་ཁྱིམ་བདག་མི་ཉུང་བ་ཞིག་ཆེད་མངགས་ཡིག་རྒྱུགས་སྤྲོད་སར་ཡོང་ནས་རྒྱུགས་སྤྲོད་སློབ་མ་རྣམས་ལ་ཤུགས་རྒྱག་པའི་སྐུལ་ལྕག་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་སུ་རྒྱབ་ཕྱོགས་འགན་སྲུང་མི་སྣ་རྣམས་སྔོན་ཚུད་ནས་ལས་གནས་ཐོག་འབྱོར་ནས་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་ཡིག་རྒྱུགས་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་བྱས་པ་རེད།