国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月19日

རང་རེའི་གྲོང་ཁྱེར་གྱི་ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ཡིག་སྐུར་ངོ་བཅར་བྱེད་མཁན་ལ་སྣེ་ལེན་ཞུ་བའི་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས15 ཉིན། གྲོང་ཁྱེར་འགོ་ཁྲིད་ཀྱིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་སྣེ་ལེན་ལྟེ་གནས་སུ་འགོ་ཁྲིད་ཀྱིས་ཡིག་བསྐུར་ངོ་བཅར་ལ་སྣེ་ལེན་ཞུ་བའི་བྱེད་སྒོ་སྤེལ་ནས་ཡིག་སྐུར་ངོ་བཅར་དུ་ཡོང་བའི་མང་ཚོགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་སྣེ་ལེན་ཞུས་པ་དང་།ས་ཡུལ་དངོས་སུ་གནས་ཚུལ་ཁ་གསལ་བཟོས་པ་མ་ཟད། ས་ཡུལ་དངོས་སུ་བསྒྲུབ་རྒྱུར་ལྟ་སྐུལ་སྤྱི་འདོམས་བྱས་ཏེ་ངལ་རྩོལ་པའི་གླ་ཕོགས་དང་ཁེ་དབང་ལ་འགན་སྲུང་ཕན་ནུས་ལྡན་པ་བྱས་པ་རེད། ཡིག་སྐུར་ངོ་བཅར་བྱེད་མཁན་ལ་སྣེ་ལེན་བྱ་ཡུལ་དུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསོད་ནམས་དར་རྒྱས་ཀྱིས་ཞིང་པ་ལས་མིའི་ངལ་རྩོལ་གླ་ཆ་འགྱངས་ཆད་བྱས་ཚུལ་གསལ་ཞུས་ཆ་ཚང་ཉན་ནས་རྣམ་གྲངས་དང་།ལས་མི་བེད་སྤྱོདགླ་ཆ་འགྱངས་ཆད་བྱས་ཚུལ་སོགས་ཀྱི་འགག་རྩའི་ཆ་འཕྲིན་ལ་ཞིབ་དཔྱད་བྱས་པ་མ་ཟད།ཁོང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་འགན་དབང་ཐག་གཅོད་གསལ་པོ་བྱེད་པ་དང་། འབྲེལ་ཡོད་རྫོང(ཆུས)ལ་སྦྲེལ་མཐུད་གནད་སྨིན་བྱེད་ཅིང་། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་པ་དང་། ལས་མི་བེད་སྤྱོད་བྱས་པའི་ཁེ་ལས་ལ་གླ་ཆ་སྤྲོད་པའི་གཙོ་བོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ནས།ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་རེ་བ་བཏོན་པ་མ་ཟད། ཡིག་སྐུར་ངོ་བཅར་བྱེད་མཁན་ལ་སྣེ་ལེན་བྱེད་པའི་བརྒྱུད་རིམ་ནང་ད་དུང་ཡིག་སྐུར་ངོ་བཅར་བྱེད་མཁན་ཞིང་པ་ལས་མིར་ངལ་རྩོལ་གན་རྒྱ་དང་གླ་ཆ་འགྱངས་ཆད་བྱས་ཚུལ་སོགས་ཀྱི་ཡིག་ཆ་ཉར་ཚགས་གང་ལེགས་བྱེད་ནས་དཔང་རྟགས་ཆ་ཚང་ཡོད་པ་དང་། ཁྲིམས་ལྟར་ལུགས་མཐུན་ངང་རེ་ཞུ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།