国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月19日

རང་རེའི་གྲོང་ཁྱེར་གྱིས2026ལོའི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བློ་འདྲི་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ནི་ལས་དོན་མི་སྣས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པར་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

འདི་ནི་མེ་ཟོན་དྲིལ་བསྒྲགས་པས་མང་ཚོགས་ལ་ས་གནས་ས་ཐོག་ཏུ་མེ་གསོད་ཆས་སྤྱོད་ཐབས་ཁྲིད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས16ཉིན། གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་གྲོང་ཁྱེར་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུས་ཀྱིས་སྒྲུབ་འགན་འཁུར་བའི“བདེ་འཇགས་ཐོན་སྐྱེད་ཀྱི་བློ་འདྲི་ཉིན་མོའི”བྱེད་སྒོ་ཐེན་ཅིན་ཐང་ཆེན་དུ་སྤེལ་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ཐོག“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་། མི་ཚང་མས་འཕྲལ་སྡོམ་ཤེས་རྟོགས་བྱས་ཏེ། ཉེན་ཁའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་དགོས”ཞེས་པ་དེ་ཡིན་ཞིང་གྲོང་ཁྱེར་ཡོངས་ཀྱི་ཚན་པ50ལྷག་ཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད10པ་ཙམ་ལ་ཐེན་ཅིན་ཐང་ཆེན་དུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། ཚན་པ་ཁག་གིས་བློ་འདྲི་སྟེགས་བུ་བཙུགས་པ་དང་། ལག་དེབ་སྤྲོད་པ། ལག་རྟགས་སྤྲོད་པ་བཅས་བྱས་ནས། གྲོང་མིར་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་བ་མ་ཟད།ཡུལ་དངོས་སུ་བྱ་དགའ་སྤྲོད་པའི་དྲི་བར་ལན་འདེབས་པའི་ལྷུ་ཚིགས་བཀོད་སྒྲིག་བྱས་ཏེ། གྲོང་མི་ཚོ་ཧུར་བརྩོན་ངང་ཞུགས་སུ་བཅུག་ནས་བདེ་འཇགས་ཀྱི་ཤེས་བྱ་སེམས་གཏིང་དུ་ཟུག་པར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲགས་དཔྱད་ཡིག19530དང་དྲིལ་བསྒྲགས་དངོས་རྫས་10158སྤྲད་པ་དང་། མི་9686ལྷག་གིས་བློ་འདྲི་དང་ལེན་བྱས་ནས་གྲོང་ཁྱེར་ཡོངས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་བ་དང་། ཧྲེ་ཀྲང་གཞོན་པ་ཝུའུ་ཅན་གྱིས་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་རེད།

ཟླ་6པའི་ཚེས་16ཉིན། མཛོ་སྒང་དང་། གོ་འཇོ། དཔའ་ཤོད། སྨར་ཁམས་སོགས་རྫོང་གིས་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་བདེ་འཇགས་ཀྱི་ཤེས་བྱ་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད།