国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月19日

རང་རེའི་གྲོང་ཁྱེར་གྱིས་རྒུན་ཆང་ཐོན་ལས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་17ཉིན་རང་རེའི་གྲོང་ཁྱེར་གྱིས་རྒུན་ཆང་ཐོན་ལས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ལའོ་ཆིན་འུའུ་ཡིས་ཆབ་མདོའི་ཐུན་མོང་མ་ཡིན་པའི་ས་མཐོའི་གནམ་གཤིས་དང་ས་ཆུའི་ཐོན་ཁུངས་ནི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་གཏོང་བའི་རང་བྱུང་གི་ལེགས་ཆ་ཞིག་ཡིན་པ་དང་། ས་ཁོངས་ཀྱི་དམངས་སྲོལ་དང་སྲོལ་རྒྱུན་མཉམ་གནས་ཀྱིས་ཐོན་ལས་ལ་རིག་གནས་ཀྱི་རྨང་གཞི་ཡག་པོ་ཞིག་ཡོད་པས།མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཁྱད་ལྡན་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒུན་ཆང་ཐོན་ལས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་འཕྲད་ཡོད།“ལས་འགན་ཆེན་པོ་དགུའི་འདེགས་སྐྱོར”ལ་དམ་པོར་དམིགས་ནས“3+1+1”གི་ལས་དོན་ཁག་ལྔར་དམ་པོར་དམིགས་ནས“རྟེན་གཞི་སྟོབས་ཆེར་གཏོང་བ་དང་གྲུབ་ཆ་ལེགས་སུ་གཏོང་བ།རྨང་གཞིར་སྣང་ཆེན་བྱེད་པ།སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ”བཅས་ལྟེ་བའི་དམ་འཛིན་བྱ་གཞིར་བྱས་ཏེ་རྒྱུ་རྐྱེན་གཙོ་བོའི་འགག་གནད་སེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒུན་ཆང་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས།སྲིད་གཞུང་གིས་མ་ལག་འཛུགས་པ་དང་ཁེ་ལས་ཀྱིས་ཁྲོམ་ར་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་། ཞིང་དུད་ཀྱིས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་།སྦྲེལ་ཐག་ཧྲིལ་པོའི་ཐོན་ལས་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ།ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཆབ་མདོའི་རྒུན་ཆང་སྐད་གྲགས་ཅན་དུ་འགྱུར་བ་བྱེད་དགོས་ཞེས་བསྟན། བཞུགས་མོལ་ཚོགས་འདུའི་ཐོག་ད་དུང་ལས་རིགས་ཀྱི་ཆེད་ལས་མཁས་ཅན་གྱིས་སློབ་ཁྲིད་བྱེད་པ་དང་།ཐོན་ལས་ཀྱི་སྲིད་ཇུས་གསལ་འགྲེལ་བྱེད་པ།མཉམ་ལས་ཀྱི་གྲོས་མཐུན་བཞག་པ་སོགས་ཀྱི་ལས་དོན་དུས་གཅིག་ཏུ་བསྒྲུབས་ནས་ཆབ་མདོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ཕྱོགས་ཡོངས་ནས་འཆར་འགོད་བྱས་པ་རེད།