འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གོ་འཇོ་རྫོང་གི་སྐྱེ་འབེལ་ཤང་དང་། སྒར་ཐོག་ཡུག་ཁུལ། ལྷ་རྒྱལ་ཤང་གཙང་ཕུ་ཡུག་ཁུལ་བཅས་ས་གནས་གསུམ་དུ་གཅིག་སྡུད་ཐོག་ཆུ་མཁོ་འདོན་འདུ་འགོད་ལེགས་གྲུབ་ཟིན་པ་མ་ཟད་བེད་སྤྱོད་གཏོང་མགོ་ཚུགས་པ་རེད། ལས་བྱེད་མང་ཚོགས2600ལྷག་གིས་དུས་དེ་ནས་བཟུང་ཆུ་དཀོན་པ་དང་ཆུ་མཁོ་འདོན་བརྟན་པོ་མེད་པའི་དཀའ་ངལ་སེལ་ཏེ་གཙང་ཞིང་བློ་བདེ་བའི་ཆུ་ཀ་ལ་འཐུང་ཐུབ་པ་བྱུང་བ་རེད།
གོ་འཇོ་རྫོང་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྣམ་གྲངས་གསུམ་ཀྱིས་བཀའ་མཆན་འཆར་འགོད་དང་གན་རྒྱའི་གཏན་འབེབས་ནང་བཞིན་འཛུགས་སྐྲུན་ཡོངས་གྲུབ་བྱས་པ་དང་། ལས་གྲྭའི་སྤུས་ཚད་ལས་རིགས་ཀྱི་ཚད་གཞི་དང་མཐུན་པ། ཆུ་མཁོ་འདོན་གྱི་སྒྲིག་ཆས་དང་སྦུག་དྲའི་འཁོར་སྐྱོད་བརྟན་པོ་ཡིན་པ། སྐྱེ་ཁམས་ཉམས་གསོ་དུས་མཉམ་སླར་གསོ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
རྣམ་གྲངས་གསུམ་བེད་སྤྱོད་བཏང་རྗེས། སྐྱ་འབེལ་ཤང་དང་ལྷ་རྒྱལ་ཤང་ཏང་སྲིད་ལས་ཁུངས་དེ་བཞིན་ཚ་ར་གྲོང་ཚོ་དང་། སྒར་ཐོག་གྲོང་ཚོ། ཉག་བླ་དགོན། བདེ་མཚོ་རི་ཁྲོད། གཙང་ཕུ་གྲོང་ཚོ། ལྷ་རྒྱལ་གྲོང་ཚོ། དཔལ་འབར་གྲོང་ཚོ་བཅས་ས་ཁོངས་མང་པོ་ཁྱབ་ཏེ་མཐའ་འཁོར་ལས་བྱེད་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཆུ་སྤྱོད་པར་ཏན་ཏིག་གིས་འགན་ལེན་ཐུབ་ཡོད།

