འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་གིས་མང་ཚོགས་མཚན་མོར་འགྲོ་ཁག་པའི་གནད་དོན་ལ་དམིགས་ཏེ་གྲོང་ཚོའི་དཀར་གསལ་དམངས་ཕན་འདུ་འགོད་ཏན་ཏིག་གིས་སྐུལ་འདེད་བཏང་ནས་མངའ་ཁུལ་དེའི་ཐག་རིང་གི་རང་བྱུང་གྲོང་ཚོ་དང་འགྲོ་སྐྱོད་གཙོ་གནད་ལམ་དུམ་དུ་ཉི་འོད་ནུས་པའི་ལམ་སྒྲོན110བསྒར་བས་མཚན་མོ་འགྲོ་བདེ་རུ་སོང་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན།ཤང་དེ་གས“ཉིན་བརྒྱར་གྲོང་སྐྱོད་དུད་འཛུལ་རྟོག་ཞིབ་ཆེ་མོའི”ཆེད་དོན་བྱ་སྤྱོད་ལ་གཞིགས་ཏེ།ས་གནས་ས་ཐོག་ཏུ་གྲལ་བཤེར་དང་བཞུགས་མོལ་གྲོས་སྡུར་སོགས་ཀྱི་ལམ་ནས་གློག་མེད་པའི་མུན་ཁུལ་ཞིབ་བཤེར་ཐུབ་པའི་ཁར།ཚན་རིག་དང་མཐུན་པའི་སྒོ་ནས་ལམ་གློག་བསྒར་ས་གཏན་འཁེལ་བྱུང་ཡོད།ཨར་ལས་རིང་ལས་དོན་མི་སྣས་འདུ་འགོད་སྤུས་ཚད་ལ་ནན་ཏན་གྱིས་སྟངས་འཛིན་བྱས་ཏེ་སྒྲིག་ཆས་སྒྲིག་སྦྱོར་དང་། ལག་རྩལ་ཁྲིད་སྟོན།བདག་སྲུང་གསབ་སྦྱོང་བཅས་སྤེལ་ནས་དཀར་གསལ་འདུ་འགོད་དོན་མཐའ་འཁྱོལ་བར་འགན་ལེན་བྱུང་ཡོད། ཐེངས་འདིར་ཤང་དེ་ཡོངས་ཀྱི་ཐག་རིང་གི་གྲོང་ཚོ12ལ་ལམ་གློག་སྒྲིག་སྦྱོར་བྱས་པ་དེས་དུད་ཁྱིམ400ལྷག་གི་མང་ཚོགས3700ཡི་མཚན་མོར་འགྲོ་ཁག་པའི་མངོན་མེད་རྐྱེན་ངན་གཙང་བཤེར་བྱས་ཏེ་གྲོང་མིའི་རྒྱུན་ལྡན་གྱི་འགྲོ་འོང་དང་ཕྲུ་གུ་བསུ་སྐྱེལ་སོགས་ཐོན་སྐྱེད་འཚོ་བའི་དགོས་མཁོ་སྟབས་བདེ་ཆེན་པོ་ཕྱིན་ཡོད།
གོམ་སྟབས་རྗེས་མར། སྤང་མདའ་ཤང་གིས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་རྒྱུན་མཐུད་ངང་ཁ་གསབ་བྱེད་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་དམངས་འཚོའི་དོན་དངོས་བསྒྲུབ་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

