国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月16日

2026ལོའི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་དང་ཁ་རུབ་ཆུས་ཀརྨ་རོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་བྱེད་སྒོ་སྐབས་གཉིས་པ་འགོ་ཚུགས་པ།

པར① ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་དུ“མངོན་མིན་རིག་གནས་ཤུལ་བཞག་གིས་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོའི2026ལོའི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་དང་ཁ་རུབ་ཆུས་ཀརྨ་རོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་བྱེད་སྒོ་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།

པར② ནི་ཁ་རུབ་ཆུས་ཀརྨ་རོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་བྱེད་སྒོ་སྐབས་གཉིས་པའི་ཐོག་བྱེད་སྒོར་ཞུགས་མཁན་གྱི་ཡུལ་སྐོར་མགྲོན་པོ་ཚོས་ཕོར་བ་བཀྱགས་ཏེ་མཉམ་དུ་རྟེན་འབྲེལ་ཞུས་པ་དང་། མངོན་མིན་རིག་གནས་ཤུལ་གཞག་གིས་རིག་གནས་ཡུལ་སྐོར་བྱེད་སྒོར་བསྣམས་པའི་མཛེས་སྡུག་ལྡན་པའི་ཉམས་ལེན་ལ་མཐེ་བོང་སྒྲེང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས12ཉིན་གྱི་སྔ་དྲོའི་ཆུ་ཚོད11ཐོག 2026ལོའི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་དང་ཁ་རུབ་ཆུས་ཀརྨ་རོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་བྱེད་སྒོ་སྐབས་གཉིས་པ་ཁ་རུབ་ཆུས་ཀརྨ་ཤང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།“མངོན་མིན་རིག་གནས་ཤུལ་བཞག་གིས་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་ཀྱི་རྒྱས་འཛོམས་འགོ་ཚུགས་པ་དེས་བོད་ཤར་གྱི་དབྱར་ཁར་འོད་སྣང་གསར་པ་ཞིག་བསྣན་ཡོད།

ཐེངས་འདིའི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། ཁ་རུབ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་འགན་སྒྲུབ་བྱས་པ་ཞིག་ཡིན་ལ། དུས་ཡུན་ཉིན6ཡིན། དེའི་དམིགས་ཡུལ་ནི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་དར་སྤེལ་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་ཕན་ཚུན་མཉམ་འདྲེས་ཆེ་རུ་གཏོང་བ།ཀརྨ་རོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གཞོགས་འདོགས་བཅས་བྱས་ཏེ། མི་རིགས་ཁག་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཁ་རུབ་ཆུས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་སྲིད་གཞུང་གི་རྒྱུན་ལས་ཆུས་ཀྲང་གཞོན་པ་ཐེན་ཁུན་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན།

ཟླ6པའི་ཚེས12ཉིན་ནས་ཚེས13ཉིན་བར། ཀརྨ་རོང་དུ་ཀརྨའི་མངོན་མིན་རིག་གནས་ཤུལ་གཞག་ཁང་དང་མངོན་མིན་རིག་གནས་ཤུལ་གཞག་སྲང་ཁུལ་ལ་ལྟ་སྐོར་བྱེད་པ་དང་། ལྕགས་རྟ་འགྲན་སྡུར། མངོན་མིན་རིག་གནས་ཤུལ་གཞག་ཉམས་ལེན། ཀརྨ་དགོན་ལ་ལྟ་སྐོར་དང་། སྲོལ་རྒྱུན་གྱི་དམངས་ཁྲོད་ལུས་རྩལ་འགྲན་སྡུར་དང་དེ་བཞིན་རྒྱལ་ལམ317རྒྱུད་ཀྱི་བོད་ཡུལ་བསྐོར་བའི་འགྲུལ་བཞུད་ཀྱི་རླངས་འཁོར་སྤྲོད་པའི་མཛད་སྒོ་སོགས་བྱ་རྒྱུ་ཡིན་པ་རེད།

ཟླ6པའི་ཚེས14ཉིན་ནས་ཚེས17ཉིན་བར། ཆབ་མདོ་གྲོང་ཁྱེར་དུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཚོང་དང་དེ་བཞིན་ས་གནས་ས་ཐོག་ཏུ་ཉམས་ལེན། མངོན་མིན་ཤུལ་གཞག་རིག་གནས་གླུ་གར《གངས་ལྗོངས་ཀྱི་གླག་རྔ》དང་མཇུག་འགྲིལ་རིག་རྩལ་འཁྲབ་སྟོན་ལ་གཟིགས་རྒྱུ་བཅས་ཡིན་པ་རེད།