འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་སྔ་རྗེས་སུ་གོ་འཇོ་དང་། སྨར་ཁམས། མཛོ་སྒང་བཅས་སུ་བསྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད།ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་དང་།ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་སོགས་ཀྱི་ལས་དོན་རྟོག་ཞིབ་གནང་བ་རེད། གྲོང་རི་ཅུ་གང་གཏེར་དང་ལྷ་ཐོག་འོད་ཤུགས་གློག་ཁང་དུ།ཀྲོང་ཅིན་སུང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་བརྒྱུད་སྒྲུབ་བྱས་པའི་ཡིག་སྐུར་ངོ་གཏུག་གྱོད་དོན་ལ་ས་གནས་ས་ཐོག་ཏུ་སྒྲུབ་སྐུལ་གནང་ཞིང་།ཁོང་གིས་སྐྱེ་ཁམས་ཁོར་ཡུག་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཞིག་ཡིན།ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ཚུར་ལེན་གནང་བའི་གནད་དོན་དག་ཐེར་ལ་མཐའ་གཅིག་ཏུ་ནུས་ལྡན་དམ་འཛིན་བྱས་ཏེ་རྩ་ལག་མཉམ་བཅོས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་སྤེལ་གཏོང་དགོས།བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དེ་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དུས་མཉམ་དུ་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཐོན་ལས་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲོག་རྩ་དེ་ཡིན། གོ་འཇོ་རྫོང་སྟག་ལུས་རྒྱལ་བོའི་ལྷ་ཁང་དང་། སྨར་ཁམས་རྫོང་གི་ཧའེ་ཐུང་ཨར་འདམ་དང་ལོ་ངོ་སྟོང་གི་ཚྭ་ཞིང་། ཀྲུང་གོའི་ཆུ་གློག་ཅུས་ལྔ་པ། ཆུ་ཚན་ཁའི་ཞིབ་དཔྱོད་ཁང་། མཛོ་སྒང་རྫོང་གི་ཝ་མདའ་ཟས་རིགས་ཚད་ཡོད་ཀུང་ཟི། ཤིང་མྱུག་སོན་གསོ་རྟེན་གཞི། རྒུན་ཆང་གཞིས་ཀ་བཅས་སུ། ཀྲོང་ཅིན་སུང་གིས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་།“གནས་ཐིག་ཁྱོན་གསུམ”གྱི་བརྟག་ཐབས་སྨྲ་བ་སྤྱད་དེ་ས་བབ་དང་བསྟུན་ནས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག་ལས་བཅས་འཕེལ་རྒྱས་སུ་བཏང་ནས་གཞུང་ཁོངས་མ་རྩའི་རྒྱལ་ཁབ་ཁེ་ལས་སྒྱུར་བཅོས་གཏིང་ཟབ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་བྱས་ཏེ། “རྫོང་རེ་ཐོན་རྫས་རེའམ་ཐོན་རྫས་སྣ་མང”གཏོད་དགོས་པའི་ནན་བཤད་གནང་ཡོད།
གཞི་རིམ་ནི་སྲིད་ཇུས་དོན་འཁྱོལ་བྱེད་པའི“མཐའ་མའི་སྤྱི་ལེ་གཅིག”ཡིན་ལ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“ཐོག་མའི་འགག་གནད”ཀྱང་ཡིན། ཀྲོང་ཅིན་སུང་ཤང་གྲོང་ཁ་ཤས་སུ་ཕེབས་ཏེ་ལས་བྱེད་མང་ཚོགས་ལ་འཚམས་འདྲི་དང་གཞི་རིམ་གནས་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ནན་ཏན་གྱིས་སློབ་སྦྱོང་སློབ་གསོའི་བླང་བྱ་དོན་འཁྱོལ་བྱས་ཏེ་མཐའ་གཅིག་ཏུ་སྲིད་རྗེས་ལྟ་བ་འཛོལ་བ་དང་། དབང་ཆའི་ལྟ་བ་ལོག་པ། རིན་ཐང་ལྟ་བ་འཁྱོག་པ་བཅས་ཀྱི་གནད་དོན་ཡོ་བཅོས་བྱེད་དགོས།“4+10”བཅོས་སྐྱོང་རྣམ་གྲངས་དང་དམངས་འཚོའི་དོན་དངོས་ལ་དམིགས་ཏེ། དམངས་ཀྱི་སེམས་ཁྲལ་དང་། འཕྲལ་མཁོ། དཀའ་ངལ་བཅས་ཐག་གཅོད་བྱེད་དགོས། “སྟོང་ཁྲིའི་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་གསེབ་བཅོས་སྐྱོང་དང་ཡ་རབས་ཡུལ་སྲོལ་འཛུགས་སྐྱོང་གཏིང་ཟབ་གཏོང་དགོས། རྒྱུན་རྣམ་ཅན་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་ཅེས་བསྟན།

