国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月16日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

ཏན་ཏན་ཏིག་ཏིག་དང་གཟབ་གཟབ་ནན་ནན་གྱིས་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱས་རྗེས་འཇོག་དགོས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས12ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་ཡོད་པ་རེད།

ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་་གསུང་བཤད་གལ་ཆེན་དང་།འཕྲིན་ཡིག་གལ་ཆེན།འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་ནི་གཟིགས་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པས་ང་ཚོས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། གཞོན་ནུ་ལོ་ཆུང་དང་ཕྱི་ཕྱོགས་སྤེལ་རེས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཐོས་བསམ་མྱོང་རྟོགས་དང་ཟབ་སྦྱོང་མཐིལ་རྟོགས་བཅས་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཆབ་མདོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་ཐུབ་པར་འགན་ལེན་བྱེད་དགོས་ཅེས་བསྟན།

ཚོགས་འདུ་ཡིས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད་གྲོང་ཁྱེར་ཡོངས་ཀྱི་ཡང་དག་པའི་སྲིད་སྐྱོང་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོའི་ལས་དོན་གནས་ཚུལ་གྱི་སྙན་སེང་ལ་གསན་པ་རེད། སློབ་སྦྱོང་དང་། ཞིབ་བཤེར། ལེགས་བཅོས་བཅས་ཀྱི་ཐད་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས་ཤིང་།བརྩེ་སེམས་ཀྱི་ཐོག་ནས་གཅིག་སྡུད་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་འགོ་ཁྲིད་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པའི་མངོན་གསལ་ཆེ་བའི་གནད་དོན་ལ་དམ་པོར་དམིགས་ཏེ་བཅོས་སྐྱོང་ལས་འགན་ཁག་ལ་འབྲེལ་མཐུད་མཐུན་སྦྱོར་དང་གཅིག་སྡུད་སྐུལ་འདེད་བཏང་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར“རིམ་ཆད་སྤྲོད་འགྱངས”སོགས་ཀྱི་ཡིག་སྐུར་ངོ་གཏུག་གནད་དོན་ཐག་གཅོད་བྱེད་དགོས། རྒྱུན་རྣམ་ཡུན་ཕན་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས་ཤིང་། ལམ་ལུགས་ཀྱི་ཐོག་ནས་སྲིད་སྐྱོང་ལས་རྗེས་ཀྱི་ཧེ་བག་སྔོན་འགོག་དང་བཅོས་སྐྱོང་བྱས་ཏེ་དེ་བས་ཆེ་བའི་ཕན་འབྲས་ཀྱིས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུ་ཡིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀྲུང་དབྱང་གི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་སྲ་བརྟན་དང་གཏིང་ཟབ་གཏོང་བ། སྤུས་ཚད་མཐོན་པོས་གྲོང་ཁྱེར་རིམ་པའི་སྐོར་ཞིབ་ལེགས་སྒྲུབ་བྱས་ཏེ་དུས་ཐོག་ཏུ“ཕྱིར་མིག་བལྟས”ཏེ་སྲོལ་བཟང་སྤྱོད་བཟང་དང་དཀའ་སྤྱད་དངོས་སྒྲུབ་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས། མགྱོགས་མྱུར་གྱིས་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་དགོས་ཤིང་། ལྟ་བཤེར་གྱིས་ཚུར་ལེན་གནང་བའི་གནད་དོན་དག་ཐེར་དམ་འཛིན་དང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་རེག་ཚོར་ཐུབ་པ་བྱེད་དགོས། “ལྟོ་བར”དོ་དམ་བྱེད་དགོས་པ་མ་ཟད། “ཀླད་པ”ལའང་བདག་དམ་བྱེད་དགོས་ཤིང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོའི་སྟེགས་བུ་སྤྱད་དེ་གཙོ་རྒྱུག་གི་སྐད་སྒྲ་བརྒྱུད་བསྒྲགས་དང་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་ཤིང་།“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་ལྟར། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་བཙུགས་ནས་ལོ105འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་ཡོད།