འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས9ཉིན་ནི་“རྒྱལ་སྤྱིའི་ཡིག་ཚགས་ཉིན་མོ”ཐེངས19པ་རེད།ད་ལོའི་བརྗོད་དོན་གཙོ་བོ་ནི“ཡིག་ཚགས་དང་དུས་རབས་མཉམ་དུ་སྐྱོད་པ”ཞེས་པ་དེ་རེད། བཅིངས་འགྲོལ་ཐང་ཆེན་གྱི་བྱེད་སྒོ་གཙོ་བོའི་ས་གནས་ས་ཐོག་ཏུ།གྲོང་ཁྱེར་ཡིག་ཚགས་ཅུས་དང་།གྲོང་ཁྱེར་ཡིག་ཚགས་ཁང་།གསང་གནད་ཅུས་སོགས་འབྲེལ་ཡོད་ཚན་པས་བློ་འདྲི་སྟེགས་བུ་བཙུགས་ཏེ་ལས་དོན་མི་སྣས་ཕྱོགས་གཅིག་ནས་གྲོང་མིར་ཁྲིམས་ལུགས་ཁྱབ་གདལ་ཀློག་དེབ་སྤྲད་པ་དང་།ཕྱོགས་གཅིག་ནས་ཡིག་ཚགས་ཕྱོགས་བསྡེབས་དང་ལོ་རྒྱུས་དཔྱད་གཞི་ལྟ་བཤེར་སྐོར་གྱི་དོགས་འདྲིར་སེམས་ཞིབ་མོས་ལན་བསྐྱོན་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན།ཐེངས་འདིའི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་དྲིལ་བསྒྲགས་བྱེད་སྒོ་ཐེངས27སྤེལ་བ་དང་དྲིལ་བསྒྲགས་སྦྱར་ཡིག30ལྷག་འགེལ་བ།རྒྱུན་བསྐོར་གྱིས་དྲིལ་བསྒྲགས་སྦྱར་ཡིག་དང་བརྗོད་དོན་གཙོ་བོའི་བརྡ་ཁྱབ100ལྷག་བཏང་བ།དྲིལ་བསྒྲགས་དཔྱད་ཡིག་རིགས་དང་དེ་བཞིན་དྲིལ་བསྒྲགས་དངོས་པོ5300ལྷག་སྤྲད་པ།མང་ཚོགས3000ལྷག་ལ་ཞབས་ཞུ་དང་སྣེ་ལེན་ཞུས་ནས་དྲ་ཐོག་དྲ་ཕྱི་མཉམ་འགུལ་དང་ཁྱབ་ཁོངས་ཡོངས་ལ་ཁྱབ་པའི་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་ཡོད།

