国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月12日

གོ་འཇོ་རྫོང་མི་དམངས་སྨན་ཁང་གི་ཁྲག་རྒྱུན་གཙང་སྒྱུར་ཁང་དངོས་སུ་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གོ་འཇོ་རྫོང་མི་དམངས་སྨན་ཁང་གི་ཁྲག་རྒྱུན་གཙང་སྒྱུར་ཁང་དུ་ཁྲག་རྒྱུན་དྭངས་འཚག་གི་འཕྲུལ་ཆས་བརྟན་པོའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད། དགུང་ལོ52སོན་པའི་ནད་པ་ཨ་མགོན་ནད་ཁྲིའི་ཐོག་བསྡད་དེ་ཁྲག་རྒྱུན་དྭངས་འཚག་བྱེད་འགོ་ཚུགས་ཡོད་པ་རེད།

ནད་ཐོག་སྨན་བཅོས་ཐད་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་གོ་འཇོ་རྫོང་གི་མཁལ་མའི་ནད་བྱུང་ཡོད་པའི་ནད་པའི་ལོ་མང་རིང་ཞིང་ཆེན་བརྒལ་ནས་སྨན་བཅོས་བྱེད་པའི་ལོ་རྒྱུས་མཇུག་རྫོགས་པ་མཚོན་པ་རེད། ཉིན་དེ་ནས་བཟུང་རྫོང་དེ་ཡོངས་ཀྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པས་རང་ཁྱིམ་གྱི་སྒོ་མདུན་དུ་ཁྲག་རྒྱུན་བསིང་བཅོས་བྱེད་ཆོག་པ་དང་། ཨ་མགོན་དང་དེ་མིན་གྱི་ནད་པ5ཡིས་ལོ་མང་རིང་གི་རེ་སྒུག་གཞི་ནས་མངོན་འགྱུར་བྱུང་ཡོད།