国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月12日

རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རིགས་གསུམ་བོད་ལྗོངས་ཤར་ལྷོ་རྒྱུད་དུ་མངོན་པ།

ཉེ་ལམ། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ལྷོ་ནུབ་རྟོག་ཞིབ་ཇུས་འགོད་གླིང་དང་ཀྲུང་གོ་ཚན་རིག་གླིང་ཁུང་མིན་སྲོག་ཆགས་ཞིབ་འཇུག་ཁང་དང་མཉམ་འབྲེལ་སྒོས་ཆབ་མདོ་ལྷོ་རྒྱུད་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་དུ་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་གནས་བབ་རྟོག་ཞིབ་དཔྱད་དཔག་བྱེད་དུས། ཐོག་མར་ཁྱབ་ཁོངས་དེ་ནས་གསའ་དང་ཤྭ་སྐྱ། གཡི་བཅས་རིགས3གྱི་རྒྱལ་ཁབ་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་འགུལ་སྐྱོད་བྱས་པའི་རྗེས་ཤུལ་རྙེད། དེས་གོང་གི་སྲོག་ཆགས་རིགས་གསུམ་པོ་བོད་ལྗོངས་ཤར་ལྷོ་རྒྱུད་ཀྱི་ཁྱབ་ཚུལ་ཁྱབ་ཁོངས་རྒྱ་བསྐྱེད་པས། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཕན་འབྲས་ལ་བདེན་དཔང་གསར་བ་མཁོ་འདོན་བྱས།

ཐེངས་འདིར་རྙེད་པའི་རིགས་གསུམ་གྱི་རི་སྐྱེས་སྲོག་ཆགས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་རིགས་ཡིན། གསའ་ནི་ནགས་ཚལ་དང་སྡོང་ཕྲན་ནགས་རྫོབ་སོགས་ཀྱི་ཁོར་ཡུག་ཏུ་འཚོ་སྡོད་བྱེད་པ་དང་རྒྱུན་པར་མཚན་མོར་འགུལ་སྐྱོད་སྤེལ་བཞིན་ཡོད། ཁ་ཟས་ལ་རྨིག་པ་ལྡན་པའི་སྲོག་ཆགས་རིགས་རྔོན་བཞིན་ཡོད། ཤྭ་སྐྱ་ནི་མདོ་དབུས་མཐོ་སྒང་ནས་ཁྱད་དུ་ཡོད་པའི་སྲོག་ཆགས་རིགས་ཡིན། དེ་མཚོ་འཕགས་སྨི3500ནས་སྨི5000བར་གྱི་ནགས་ཚལ་དང་སྡོང་ཕྲན་ནགས་རྫོབ། རི་མཐོ་སའི་སྤང་ཁུལ་དུ་འཚོ་སྡོད་བྱས་ཡོད། གཡི་ནི་གྲང་ངར་དགའ་བའི་སྲོག་ཆགས་ཡིན་པའི་ངོས་ནས་འཚོ་སྡོད་གནས་སྣ་མང་རང་བཞིན་ཡིན། གྲང་རྒྱུད་ཕལ་བའི་ཁབ་ལོ་ནགས་ཚལ་ནས་གྲང་ངར་མཐོ་བའི་ཐང་རྒོད་དུ་འཚོ་སྡོད་དུ་ཁྱབ་ཡོད། སྲོག་ཆགས་རིགས་གསུམ་པོ་མཉམ་དུ་མངོན་པ་དེས་ཆབ་མདོ་ལྷོ་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་སྒྲིག་གཞི་ཆ་ཚང་ཞིང་གཟན་ཕྲེང་འབྲེལ་བ་བརྟན་བརླིང་ཡིན་པ་མཚོན།

རྟོག་ཞིབ་དཔྱད་དཔག་རུ་ཁག་གིས་བརྗོད་དོན། ཐེངས་འདིར་ཆབ་མདོ་ལྷོ་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ནས་བླངས་པའི་བརྙན་དང་རྗེས་ཤུལ་བདེན་དཔང་དེས་ཁྱབ་ཁོངས་དེའི་དངོས་རིགས་ཁྱབ་ཚུལ་ཟིན་ཐོའི་སྟོང་ཆ་བསྐངས་བ་མ་ཟད།བྱི་ལའི་ཚན་གྱི་སྲོག་ཆགས་ཆེ་གྲས་དང་རྨིག་པ་ལྡན་པའི་སྲོག་ཆགས་རིགས། གཅན་གཟན་རིགས་འབྲིང་གྲས་མདོ་དབུས་མཐོ་སྒང་གི་འཕོ་འགྱུར་དང་།ཁོར་ཡུག་དང་བསྟུན་པའི་ལམ་སྲོལ་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་རྩ་ཆེན་མཁོ་འདོན་བྱས།ཡང་སྔར་ལས་ལྷག་པའི་ངང་མདོ་དབུས་མཐོ་སྒང་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཚ་ཁུལ་ཡིན་པའི་སྲུང་སྐྱོབ་རིན་ཐང་གལ་ཆེན་མངོན། །