འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་གནས་ཚུལ་ལ་གསན་པ་མ་ཟད། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བྱས་ཡོད་པ་རེད།
ཚོགས་འདུ་ཡིས་མིག་སྔར་ཆབ་མདོ་ནི“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས།དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཡག་པོ་སྒྲུབ་པར་འགན་འཁྲི་ལྗིད་ཅིང་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། བསམ་བློའི་དར་ཆ་མཐོན་པོ་སྒྲེང་བ་དང་རིགས་པའི་གཞུང་ལུགས་སྟོབས་ཆེར་བཏང་ནས་ཕྱོགས་གཅིག་ནས་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ“གྲོས་དོན་དང་པོའི”ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། ཕྱོགས་གཅིག་ནས་གཞི་རིམ་གྱི་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལ་དམ་འཛིན་བྱས་ཏེ་ཏང་གི་གསར་གཏོད་རིགས་གཞུང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)གཙོ་རྒྱུག་སྐད་སྒྲ་སྟོབས་ཆེར་དང་གླེང་ཕྱོགས་ཆེ་རུ་གཏོང་དགོས་ཤིང་།གྲོང་ཁྱེར་ཁོངས་གཏོགས་ཀྱི་སྨྱན་སྦྱོར་མ་ལག་རང་བཞིན་གྱིས་སྒྱུར་བཅོས་དང་གསར་འགྱུར་སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ཆབ་མདོའི་གཏམ་རྒྱུད་ཡག་པོ་བརྗོད་དགོས། དུས་རབས་ཀྱི་དར་སྲོལ་དར་སྤེལ་དང་ཤེས་དཔལ་གསོ་སྐྱོང་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིད་སྟོན་ནུས་པ་རྒྱུན་མཐུད་ཀྱིས་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་གསོ་སྐྱོང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་འཛུགས་གཏོད་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་རེག་ཚོར་ཐུབ་པ་བྱེད་དགོས། རིག་རྩལ་འཕེལ་རྒྱས་དང་རིག་གནས་གསོ་སྐྱོང་བྱེད་དགོས་ཤིང་།
ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་།འཕེལ་རྒྱས། སྲུང་སྐྱོབ་བཅས་བྱས་ཏེ། “རིག་གནས་ཡུལ་སྐོར་དང་། འགྲན་སྡུར། འཛད་སྤྱོད”བཅས་མཉམ་འདྲེས་གཏིང་ཟབ་ལ་བརྟེན་ནས་ལས་རྣམ་སྣ་མང་གི་མཐུན་སྦྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། རིག་གནས་དར་རྒྱས་ཀྱི་ཐོག་ནས་གྲོང་གསེབ་དར་རྒྱས་འགྲོ་བར་རོགས་རམ་བྱེད་དགོས། འགན་འཁྲི་གཙོ་བོ་ཕྲག་ཏུ་འཁུར་བ་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ། དྲ་རྒྱའི་བཅོས་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་ནུས་ལྡན་སྲུང་སྐྱོབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་པར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་ཡོད།

