འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས5ཉིན།རང་རེའི་གྲོང་ཁྱེར་གྱིས་ཐེན་ཅིན་ཐང་ཆེན་དང་།སྟག་རྩ་ཐང་། སྟག་གཡེར་ཁ་སོགས་སུ“དྲུག་ལྔ”འཛམ་གླིང་ཁོར་ཡུག་ཉིན་མོའི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་བྱེད་སྒོ་དེ་དངོས་སུ་འགོ་ཚུགས་པ་དང་།རྫོང་ཁག་གིས་སྤེལ་བའི་དྲིལ་བསྒྲགས་བྱེད་སྒོའི་ནང་ལས་དོན་མི་སྣས་དྲིལ་བསྒྲགས་ཀྱི་འཕྲེད་དར་སྦྱར་ཡིག་བཀལ་བ་དང་བརྗོད་དོན་གཙོ་བོའི་འགྲེམས་པང་བསྒྲིགས་པ།དྲིལ་བསྒྲགས་ལག་དེབ་སྤྲད་པ།ས་ཡུལ་དངོས་སུ་ཁྲིམས་ལུགས་ཁྱབ་གདལ་དང་དོགས་གནད་སེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ《སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང》གི་ལྟེ་བའི་དོན་ཚན་སྒྲོག་འགྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་སྟེ་མང་ཚོགས་ཀྱིས་རང་རྟོགས་ངང་ཁྲིམས་སྐྱོང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་རེད།གོམ་སྟབས་རྗེས་མར་རང་རེའི་གྲོང་ཁྱེར་གྱིས་དྲིལ་བསྒྲགས་བྱེད་སྟངས་མུ་མཐུད་གསར་གཏོད་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་རྒྱུན་གཏན་ཅན་དུ་སྤེལ་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་མཛེས་སྡུག་ལྡན་པ། སྡོད་མལ་ལ་འཚམ་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་བསྐྲུན་བྱ་རྒྱུར་འགན་ལེན་བརྟན་པོ་བྱ་རྒྱུ་རེད།

