འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བྲག་གཡབ་རྫོང་གིས་སྐབས་གཉིས་པའི“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”གྱི་བརྙན་ཐུང་འགྲན་སྡུར་ཆེན་མོའི་རྫོང་རིམ་པའི་བསྐྱར་འགྲན་སྤེལ་བ་རེད།ཐེངས་འདིའི་འགྲན་སྡུར་ཆེ་མོ་ཡིས་ས་གནས་ཀྱི་གསར་བརྗེའི་རིག་གནས་ཀྱི་ནང་སྙིང་སྔོག་འདོན་གཏིང་ཟབ་བྱས་པ་དང་གྲོང་གསེབ་དར་རྒྱས་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགྲེམས་སྟོན་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ།“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”བྱེད་སྒོའི་དྲིལ་བསྒྲགས་ཚོང་རྟགས་སྔར་བས་བཀྲག་མདངས་གསར་པ་ཞིག་བསྣན་ཡོད།
འགྲན་སྡུར་ནང་རྫོང་ཡོངས་ཀྱི་ཤང་གྲོང་13ཧུར་ཐག་ངང་ཞུགས་པ་དང་།འགྲན་ཞུགས་རུ་ཁག་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བ་དང་།ས་གནས་ཀྱི་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་རྒྱུད་འཛིན་དང་།གཞི་རིམ་གྱི་བཅོས་སྐྱོང་ཕན་འབྲས།གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས། མི་སྡོད་ཁོར་ཡུག་བཅོས་སྐྱོང་དེ་བཞིན་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་བཅས་ཀྱི་ནང་དོན་གཙོ་བོར་དམ་པོར་དམིགས་ཏེ་དུས་རབས་གསར་པའི་འཕོ་འགྱུར་ལ་བསྟོད་གླུ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཟིན་ཐོར་བཀོད་ཡོད།

