国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月09日

ལའོ་ཆིན་འུའུ་ཡིས་དཔལ་འབར་རྫོང་དུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་སྒྲུབ་སྐུལ་གནང་བ།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་གཞོན་པ་ལའོ་ཆིན་འུའུ་དཔལ་འབར་རྫོང་སྐྱིད་གླིང་ཤང་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་སྒྲུབ་སྐུལ་གནང་བ་རེད།

དཔལ་འབར་རྫོང་སྐྱིད་གླིང་ཤང་ལྗོངས་ལྷ་མཚོའི་འདམ་ར་སྤྱི་གླིང་གི་གཙང་འདྲེན་བྱ་ཡུལ་དུ། ལའོ་ཆིན་འུའུ་ཡིས་དག་ཐེར་སྔོན་རྗེས་ཀྱི་ཞིབ་བསྡུར་ས་བཀྲར་གཟིགས་ཞིབ་གནང་ཞོར་དུ་ཕྱོགས་གཅིག་ནས་ས་ཡུལ་དངོས་ཀྱི་ས་སྙིགས་གཙང་འདྲེན་དང་། འདམ་ར་ཉམས་གསོ། ཆུ་འགྲམ་གྱི་སྔོ་ལྗང་སླར་གསོ་སོགས་ཀྱི་ལས་དོན་སྒྲུབ་ཚུལ་ལ་ལྟ་ཞིབ་བྱས་ནས། གནད་དོན་གྱི་འབྱུང་རྩ་དང་འབྲེལ་ཡོད་ཕྱོགས་ཁག་གི་ཐག་གཅོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཁོང་གིས་འདམ་ར་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འབྲེལ་བ་ཡོད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། དོན་ཚན་རེ་རེ་བཞིན་ཆེད་ལས་མཁས་ཅན་ཚོགས་ཆུང་གི་བསམ་འཆར་ལ་ལྟ་བསྡུར་བྱས་ནས་ཇི་མ་ཇི་བཞིན་དུ་དག་ཐེར་ཏན་ཏིག་བྱེད་པ་དང་། འདམ་རའི་སྐྱེ་ཁམས་དང་ཆུ་ངོགས་ཀྱི་རང་བྱུང་ཁོར་ཡུག་སླར་གསོ་གང་མགྱོགས་བྱེད་པ་དང་། ཆུ་ལམ་གྱི་ཆུ་ལོག་གི་བདེ་འཇགས་འགན་ལེན་བྱེད་དགོས། གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་བྱས་ཏེ་ལྡོག་ཕྱོགས་ཀྱི་དཔེ་མཚོན་འབྱུང་རྐྱེན་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་དང་ཀུན་ལ་ཁྱབ་པའི་སྒོ་ནས་ཁོངས་གཏོགས་ཁུལ་གྱི་ཆུ་བོ་དང་། འཁྱགས་རོམ། མཚོ་དང་མཚེའུ་བཅས་ལས་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་དང་། ཁྲིམས་འགལ་ངང་བཙན་བཟུང་། ཁྲིམས་འགལ་ངང་བཙོག་འབུད་སོགས་བྱེད་པའི་སྣང་ཚུལ་གཙང་བཤེར་བྱེད་ཅིང་། ཞིབ་བཤེར་ཆད་ལུས་དང་ཁ་གསབ་ཆད་པའི་ཁྲོད་སྒྲིག་སྲོལ་དང་ལམ་ལུགས་འཛུགས་དགོས། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་པའི་ཁྲོད་དུ་འགན་འཁྲི་བརྟན་གཏོང་བྱེད་པ་དང་། ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་གང་ལེགས་བྱེད་ཅིང་། ལྟ་སྐུལ་དོ་དམ་ནུས་ལྡན་དང་། ཁྲིད་སྟོན་གོ་རིམ་ལྡན་པ་བཅས་བྱེད་ནས་བསྐྱར་ལོག་གི་གནད་དོན་དང་རིགས་འདྲའི་གནས་ཚུལ་བསྐྱར་དུ་མི་འབྱུང་བ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཕན་ཚུན་མཉམ་སྐུལ་ཡོང་བ་བྱ་དགོས། སྐྱིད་གླིང་ཤང་གིས་འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྤྱིའི་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་། དོ་དམ་ཞིབ་ཚགས་ལ་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་རྒྱལ་ལམ་349ཡི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཐོབ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།