国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月09日

ལའོ་ཆིན་འུའུ་ཡིས་དཔའ་ཤོད་རྫོང་དུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་སྒྲུབ་སྐུལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས6ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་དུ་བསྐྱོད་དེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་སྒྲུབ་སྐུལ་གནང་བ་རེད།

ལའོ་ཆིན་འུའུ་ཡིས་འབྲེལ་ཡོད་ཕྱོགས་ཁག་གིས་དག་ཐེར་ལ་སྐུལ་འདེད་བཏང་ཚུལ་ལ་ནན་ཏན་གྱིས་གསན་པ་མ་ཟད་ས་གནས་ས་ཐོག་ཏུ་འཁྱགས་རོམ་སྲུང་སྐྱོང་དང་། ཁྲིམས་འགལ་གྱིས་འཛུགས་སྐྲུན་དང་བཤིག་པ། མི་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ལས་དོན་གྱི་འཕེལ་རིམ་ལ་ལྟ་བཤེར་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ཏེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་དང་། ཇུས་གཞིའི་བྱ་ཐབས་སྔར་བས་ཞིབ་ཕྲ་དང་དག་ཐེར་འགན་འཁྲི་ནན་དཀྲིས་བྱས་ནས“ལྟ་བ་ཙམ་ལས་དོ་དམ་མི་བྱེད་པ་དང་། སྐུལ་བ་ཙམ་ལས་མི་སྒྲུབ་པ། སྒྲུབ་ཀྱང་དོན་དངོས་མི་སྒྲུབ་པ”བཅས་ཀྱི་ཕྱི་ཚུལ་སྔོན་འགོག་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ་མཛེས་ལྗོངས་འཁོར་སྐྱོད་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་འཐུས་སྒོ་ཚང་དུ་གཏོང་བ་དང་། བཙོག་ཆུ་གཙང་སེལ་དང་གད་སྙིགས་གཙང་སེལ་སྐྱེལ་འདྲེན་སོགས་ལ་རྒྱུན་གཏན་ནས་དོ་དམ་སྤྱི་འདོམས་ཡག་པོ་བྱེད་པ། ལས་བྱེད་པ་དང་མང་ཚོགས་ལ་རྒྱུན་གཏན་ནས་དྲིལ་བསྒྲགས་སློབ་གསོ་དང་ཁྲིད་སྟོན་ཡག་པོ་བྱེད་ཅིང་། མཉམ་སྐྲུན་དང་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་ལས་ཀའི་རྣམ་པ་གང་མགྱོགས་ཆགས་པར་བྱེད་ནས་སྤྲོ་སེམས་འཁོལ་བའི་ངང་བོད་ཤར་རྒྱུད་ཀྱི་རི་ཆུ་དང་རྩི་ཤིང་སྲོག་ཆགས་རྣམས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱིས་རྣམ་གྲངས་ཀྱི་མ་དངུལ་ལ་རྒྱབ་སྐྱོར་གནང་བར་བརྩོན་ལེན་གང་དྲག་བྱེད་ནས་སྡོད་གནས་ཁོར་ཡུག་བཅོས་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། གཙོ་གནད་ས་ཁོངས་ཀྱི་ཐོན་སྐྱེད་འཚོ་བ་དང་། སྐྱེ་ཁམས་བཅས་ཀྱི་བཀོད་སྒྲིག་ཟམ་མི་ཆད་པར་ལེགས་སུ་གཏོང་བ། ཁྲོམ་རའི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀར་དམ་འཛིན་དང་ཡར་རྒྱས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།