འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས7ཉིན་གྱི་སྔ་དྲོ། 2026ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དངོས་སུ་འགོ་ཚུགས་པ་རེད། རང་རེའི་གྲོང་ཁྱེར་གྱི་སློབ་མ6115ཞུགས་ཀྱི་ཡོད་པ་རེད།
ཁྱིམ་བདག་གི་རྒྱབ་རོགས་དྲོན་མོ་དང་། དགེ་རྒན་གྱི་སྐུལ་ལྕག་ཟབ་མོ། སྤྱི་ཚོགས་ཀྱི་གཅེས་སྐྱོང་ཞིབ་མོ་བཅས་ཀྱི་འོག་ཏུ་སློབ་མ་ཡོངས་ཡིད་ཆེས་དང་སྤོབས་པས་བརྟས་ནས་རྒྱུགས་རར་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི2026ལོའི་མཐོ་རྒྱུགས་ལ་ཐོ་འགོད་བྱས་པའི་མི6115ཡོད་པ་ལས། ཆབ་མདོར་རྒྱུགས་ཞུགས་སློབ་མ6013དང་ས་གནས་གཞན་དུ་རྒྱུགས་ཞུགས་སློབ་མ102ཡོད་ལ། ཁྱོན་རྒྱུགས་གནས7 དང་རྒྱུགས་ར206བཙུགས་ཡོད།
ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཀྲིག་ཁའེ་ཡིས“ང་ཚོས་བདེ་འཇགས་དང་དྲང་སྙོམས། ཞབས་ཞུ་བཅས་ཀྱི་ལྟེ་བ་ཆེ་མོ་གསུམ་ལ་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་མཐོ་རྒྱུགས་འགན་ལེན་གྱི་འགོག་སྲུང་འཛིན་རགས་བརྟན་དུ་གཏོང་དགོས། གཅིག་ནས་རྒྱུགས་ལེན་བདེ་འཇགས་ཀྱི་མཐའ་ཚད་དམ་པོར་སྲུང་བ་དང་། བརྒྱུད་རིམ་ཧྲིལ་བོར་གདུབ་ཟུམ་དོ་དམ་དང་གློག་མིག་བསྒར་རྒྱུ་དོན་འཁྱོལ་བྱས་ཏེ་མཐའ་གཅིག་ཏུ་མཐོ་རྒྱུགས་དྲང་སྙོམས་དྲང་བདེན་ཡོང་རྒྱུར་སྲུང་སྐྱོབ་བྱ་རྒྱུ། གཉིས་ནས་རྒྱུགས་གནས་ཀྱི་འགན་སྲུང་ཞབས་ཞུ་ཞིབ་ཕྲ་ཅན་ཏུ་བཏང་སྟེ། འཕྲལ་སྡོམ་ཐག་གཅོད་ཀྱི་ཆེད་དོན་འཛིན་གྲྭ་བཙུགས་ནས་ཐོལ་བརྒལ་རིགས་ཀྱི་གནས་ཚུལ་ལ་ཁ་གཏད་འོས་འཚམ་འཇལ་རྒྱུ། གསུམ་ནས་རྒྱུགས་ཞུགས་སློབ་མར་ཞབས་ཞུ་གང་ལེགས་ཞུས་ཏེ་རྒྱུགས་ཞུགས་གོང་དུ་སེམས་ཁམས་སྙོམས་སྒྲིག་དང་དུས་བསྟུན་ཁྲིད་སྟོན་སོགས་ཀྱི་ཞབས་ཞུ་བསྒྲུབ་ནས་རྒྱུགས་ཞུགས་སློབ་མའི་གནོན་ཤུགས་སེལ་ཡོད”ཅེས་བཤད།

