国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月05日

ཀྲོང་ཅིན་སུང་གིས་དཔའ་ཤོད་དུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་སྒྲུབ་སྐུལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས1ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་རྫོང་དུ་ཕེབས་ཏེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

ར་འོག་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ། ཀྲོང་ཅིན་སུང་གིས་ས་གནས་ས་ཐོག་ཏུ་ལྟ་བཤེར་དང་དག་ཐེར་གནས་ཚུལ་རེ་རེ་བཞིན་ཞིབ་བཤེར་གནང་ཞིང་། ཁོང་གིས་འཁྱགས་རོམ་ནི་སྐྱེ་ཁམས་མ་ལག་གལ་ཆེན་ཞིག་ཡིན་ལ། འཁྱགས་རོམ་སྲུང་སྐྱོབ་བྱ་རྒྱུ་ནི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ་བཅས་ཡིན། ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་རྒྱུན་མཐུད་ཀྱིས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དོན་ཐོག་ཏུ་འཁྱོལ་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཇི་མ་ཇི་བཞིན་ལག་ལེན་དུ་བསྟར་བ། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་ཆབ་སྲིད་ཐོག་ནས་ལྟ་བ་དང་ཁྱོན་ཡོངས་ནས་འཆར་འགོད་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་རྣམ་པ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་སྤྱི་འདོམས་བྱེད་པ། རྣམ་འགྱུར་ནན་ཤོས་དང་ཚད་གཞི་དམ་ཤོས། བྱ་ཐབས་མཐོ་ཤོས་སྤྱད་དེ་དག་ཐེར་དམ་འཛིན་བྱས་ཏེ། སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་འགྱུར་བར་བྱས་ནས་མང་ཚོགས་ཀྱིས་རེག་ཚོར་ཐུབ་པ་བྱེད་དགོས། འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས་ཤིང་། ཆ་རྐྱེན་མི་འདོན་པ་དང་འཐེན་སྐུམ་མི་བྱེད་པ། ནན་པོ་མགྱོགས་པོ་བཅས་བྱས་ཏེ། ནན་ཏན་གྱིས་དབྱེ་ཞིབ་ཞིབ་འཇུག་དང་དངོས་དོན་བྱ་ཐབས་འདོན་པ། ཇུས་གཞི་ལེགས་སུ་གཏོང་བ། བྱ་ཐབས་ཞིབ་ཕྲ་གཏོང་བ། དག་ཐེར་གྱི་དུས་ཡུན་དང་འགན་འཁྲི་གཙོ་བོ་དང་ལས་ཀའི་བླང་བྱ་ཁ་གསལ་བཟོ་བ། ཏན་ཏིག་གིས་དག་ཐེར་དང་དོན་དངོས་ཀྱིས་དག་ཐེར། དག་ཐེར་དམིགས་སུ་འབྱོར་བ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། དངོས་ཡོད་ཕན་འབྲས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་དང་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས།

བརྒྱུད་རིམ་ལྡན་པའི་སྒོ་ནས་དག་ཐེར་ལེགས་བཅོས་བྱེད་པ་དང་“གནད་འཁེལ་གྱི་ལེགས་བཅོས་བྱེད་པ”དང“ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པ་”ཟུང་འབྲེལ་བྱས་ནས། འཁྱགས་རོམ་གྱི་མངོན་གསལ་དོད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གོ་སྐབས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་རྩད་ཞིབ་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་བཅས་བྱས་ཏེ། འབྱུང་རྩ་ནས་རིགས་དབྱེ་ཇུས་འདོན་བྱེད་པ་དང་། གནད་འཕིགས་ཀྱི་སྦགས་བཙོག་གཙང་དག་བཟོས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་དང་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། གཅིག་ཤེས་ཀུན་གྲོལ་དང་།“སྐབས་ཐོག་བཅོས་སྒྲིག”དང་“ཕུགས་ཕན་སྲོལ་འཛུགས་པ”བཅས་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས་ལ། ཆབ་མདོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚོད་འཛིན་བཟོ་བའི་གནད་དོན་ཐག་གཅོད་བྱས་ཏེ། དག་ཐེར་ལེགས་བཅོས་དང་། རིགས་གཅིག་བཀག་འགོག་བྱེད་པ། ཕྱོགས་གཅིག་ཚད་ལྡན་བཟོ་བ་བཅས་བྱས་ནས། གཅིག་སྡུད་འགག་སྒྲོལ་ནས་རྒྱུན་རྣམ་དང་ཕུགས་ཕན་གྱི་ཕྱོགས་སུ་འགྱུར་བ་བྱས་ཏེ། བོད་ཤར་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་དགོས་ཅེས་ནན་བཤད་གནང་ཡོད།

བརྟག་ཞིབ་གནང་རིང་། ཀྲོང་ཅིན་སུང་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་གྱི་སློབ་ཆུང་དུ་ཕེབས་ཏེ་དགེ་སློབ་དང་མཉམ་དུ“དྲུག་གཅིག”བྱིས་པའི་དུས་ཆེན་མཉམ་དུ་དགའ་གཏོང་བྱས་པ་མ་ཟད་གྲོང་ཁྱེར་ཡོངས་ཀྱི་ལོ་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ཁང་དུ། ཀྲོང་ཅིན་སུང་གིས་སློབ་ཁྲིད་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་ སློབ་གྲྭ་དེ1959ལོར་བཙུགས་པ་ཤེས་རྗེས། སློབ་ཁྲིད་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་སོང་བ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཁོང་གིས་ཆབ་མདོ་ནི་བོད་ལྗོངས་སུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་དང་བོད་ལ་ཏང་གི་བཀའ་དྲིན་ཁྱབ་སྔ་ཤོས་ཀྱི་ས་ཆ་ཞིག་ཡིན་པས། གསར་བརྗེ་ནི་ཆབ་མདོའི་ལྷག་བསམ་རྣམ་དག་གི་རྨང་གཞི་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་གདམས་ངག་བློ་ལ་བརྟན་པོར་ངེས་ནས། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ཏང་དང་མི་དམངས་ཀྱི་གསར་བརྗེའི་ཕྲུ་གུ་ཞིག་ཆགས་པ་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པའི་ཐོག་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཡག་པོ་བྱེད་དགོས་པའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།