国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月05日

“ཞབས་ཞུར་བར་ཐག་མེད་པ་དང་སྡེ་ཁུལ་དུ་བསྐྱོད་པའི”མཉམ་སྦྱོང་མཉམ་སྐྲུན་བྱེད་སྒོ།

དམངས་ཆེད་ཞབས་ཞུའི་ལག་ལེན་གསར་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་གཞུང་དོན་ཁང་གིས་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་། ཁ་རུབ་ཆུས་ཨུད་གཞུང་དོན་ཁང་། གྲོང་ཁྱེར་མི་དམངས་སྨན་ཁང་། གྲོང་ཁྱེར་གློག་འཕྲིན་ཀུང་ཟི་སོགས་ཚན་པ་དང་མཉམ་འབྲེལ་ཐོག་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དམངས་ཕན་སྡེ་ཁུལ་དུ་བསྐྱོད་དེ“ཞབས་ཞུར་བར་ཐག་མེད་པ་དང་སྡེ་ཁུལ་དུ་བསྐྱོད་པའི”མཉམ་སྦྱོང་མཉམ་སྐྲུན་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་ཡིས“ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་ལེན་བསྟར་ཏེ།དམངས་ཆེད་ཞབས་ཞུར་བར་ཐག་མེད”ཅེས་བརྗོད་དོན་གཙོ་བོར་བཟུང་ཞིང་། རིགས་གཞུང་སློབ་སྦྱོང་དང་། དམངས་འདུན་འཚམས་འདྲི། དམངས་བདེ་ཞབས་ཞུ་བཅས་མཉམ་འདྲེས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་སྤྱི་ལེ་གཅིག”གཏོད་དེ་གཞི་རིམ་གྱི་བཅོས་སྐྱོང་སྤུས་འབྲས་ལེགས་གཉེར་ཡོང་བར་གསོན་ཤུགས་བསྣན་ཡོད།

ཐེངས་འདིའི་བྱེད་སྒོ་ཡིས་མཉམ་སྦྱོང་མཉམ་སྐྲུན་ལ་བརྟེན་ནས་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བརྟན་དུ་བཏང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དེ་གཞི་རིམ་གྱི་འཐབ་ས་དང་པོར་བསྣུར་བསྲིང་བྱས་ཡོད།

ཐེངས་འདིའི་བྱེད་སྒོ་ནི་གྲོང་ཨུད་གཞུང་དོན་ཁང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ཏེ་དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན།

གོམ་སྟབས་རྗེས་མར། གྲོང་ཨུད་གཞུང་དོན་ཁང་གིས་རྒྱུན་རྣམ་ཅན་གྱི་གཤམ་སྐྱོད་ཞབས་ཞུའི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་རྒྱུན་མཐུད་ངང་མཉམ་སྦྱོང་མཉམ་སྐྲུན་གཏིང་ཟབ་གཏོང་བ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།