སྟེང་ཆེན་རྫོང་དུ་ལོ་ངོ་སྟོང་རིང་རྒྱུད་འཛིན་བྱས་པའི་རྫ་བཟོ་ལག་རྩལ་གྱིས་སྤྱིར་བཏང་མིན་པའི་གསར་བརྗེའི་འཕོ་འགྱུར་ཐེངས་ཤིག་བརྒྱུད་མྱོང་ཡོད་པ་རེད།
དོན་ལྡན་ནི་སྟེང་ཆེན་རྫོང་གྱང་སྔོན་ཤང་སྐྱིད་མཁར་གྲོང་ཚོའི་མི་ཡིན་ཞིང་། རྫ་བཟོ་ལག་རྩལ་སྦྱངས་ནས་ལོ20ལྷག་སོང་ཟིན། 2025ལོར་ཁོ་རང་ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་དང་པོའི་རྫ་བཟོ་ལག་རྩལ་འགྲན་སྡུར་ནང་ཞུགས་ཏེ་གྲོང་ཁྱེར་རིམ་པའི་མཐའ་སྡུར་ནང་བྱ་དགའ་ཨང་གསུམ་པ་ཐོབ་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྟེགས་བུ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་།
དོན་ལྡན་གྱི་རྫ་བཟོ་ལག་རྩལ་ཡང་རི་བོ་ལས་བརྒལ་ཏེ་མི་གང་མང་ཞིག་གིས་ཤེས་རྟོགས་ཐུབ་ནས་ཁོང་གི་རྫ་བཟོ་ཐོན་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་ཐོབ་པ་དང་། དུས་དེ་ནས་བཟུང་ལག་རྩལ་རྒྱུད་འཛིན་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་ཀྱི་ལམ་བུ་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་ཡོད་པ་རེད།
ཉེ་ཆར། གསར་འགོད་པ་སྟེང་ཆེན་རྫོང་མཁར་དང་ཉེ་བའི་ཞེ་གཞུང་ཤང་ལྷ་མཐོང་གྲོང་ཚོར་ཡོད་པའི་དོན་ལྡན་གྱི་སྟེང་ཆེན་རྫོང་གནའ་བོའི་བཟོ་རྩལ་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་ཟིར་འབྱོར་བ་རེད། སྨི་ངོས་གྲུ་བཞི་མ་400ཙམ་ཟིན་པའི་བཟོ་ཁང་ནང་ལ་ཤས་ཀྱིས་རྫ་མ་བཟོ་བ་དང་། འགའ་ཤས་ཀྱིས་རི་མོ་འབྲི་བ་སོགས་བྲེལ་འཚུབ་ཀྱིས་ཁེངས་འདུག དོན་གྲུབ་ཀྱིས་ངང་རྒྱུད་རིང་པོས་སློབ་མ་དག་ལ་རྫ་མའི་དབྱིབས་བཟོ་བར་ཁྲིད་སྟོན་གནང་གིན་ཡོད།
འགྲན་སྡུར་གྱི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ན། དོན་ལྡན་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་ཀྱིན་ཡོད། སྟེང་ཆེན་རྫོང་གྱང་སྔོན་ཤང་སྐྱིད་མཁར་གྲོང་ཚོའི་གྲོང་ཚོ་རིམ་པའི་གྲ་སྒྲིག་འགྲན་སྡུར་ནས་ཤང་རིམ་པའི་ཐོག་མའི་འགྲན་སྡུར་དང་། རྫོང་རིམ་པའི་བསྐྱར་འགྲན་བཅས་བྱས་ཏེ་མཐར་གྲོང་ཁྱེར་རིམ་པའི་འགྲན་རྩོད་ནང་ཚུད་པ་རེད། དེའི་རིང་མང་ཚོགས་ཀྱིས་ཁས་ལེན་ཐོབ་པ་དང་འགོ་ཁྲིད་ཀྱིས་སྐུལ་ལྕག་འོག་ཡིད་ཆེས་བརྒྱ་འགྱུར་གྱིས་འཕེལ་ཏེ་གྲོང་ཁྱེར་རིམ་པའི་འགྲན་སྡུར་གྱི་གར་སྟེགས་ཐོག་འགྲེང་ཐུབ་པར་གྱུར་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཕུལ་བྱུང་བདམས་ཐོན་པ་དང་མཉམ་དུ་གར་སྟེགས་གཅིག་གི་ཐོག་ནས་ལག་རྩལ་འགྲན་རེས་བྱས་པ་རེད། ཁོང་གིས“ངས་རྫ་མ་བཟོས་ནས་ལོ་མང་པོ་འགོར་སོང་། ནམ་རྒྱུན་ལག་རྩལ་འདི་དང་བོད་ཀྱི་རྫ་མ་འདི་ལ་མི་དེ་བས་མང་པོ་ཞིག་གིས་ཤེས་རྟོགས་དང་རྒྱུས་ལོན་ཐུབ་པའི་རེ་བ་ཡོད། ‘དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན’ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོས་ང་ཚོར་གར་སྟེགས་བསྐྲུན་པ་མ་ཟད་ཐེངས་འདིར་གྲོང་ཁྱེར་རིམ་པའི་བྱ་དགའ་ཨང་གསུམ་པ་ཐོབ་པས་ཧ་ཅང་དགའ་པོ་བྱུང་སོང”ཞེས་བཤད།
མིག་སྔར། དོན་ལྡན་གྱི་བཟོ་གྲྭ་ནང་ལས་བཟོ་པ30ཡོད་པ་དང་ས་གནས་མང་ཚོགས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི4.2འཕར་སྣོན་བྱུང་བར་རོགས་རམ་ཐོབ་ཡོད་ལ། བཟོ་པ14གསོ་སྐྱོང་བྱས་ཏེ་ལག་རྩལ་བྱང་ཆ་ལྡན་ཡོད། ཁོང་གིས་ད་དུང་རྐང་འཛིན་ལས་བཟོ་པ15སྒྲིག་འཛུགས་བྱས་ཏེ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་ནང་ཞུགས་པར་ཐོ་འགོད་བྱས་པ་དང་ཞིང་འབྲོག་མང་ཚོགས་མང་པོ་ཞིག་གིས་འགྲན་སྡུར་ནང་རང་ཉིད་ཀྱི་འཇོན་ཐང་ངོམ་པར་བྱས་ཡོད།

