国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月29日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་སྐོར་ཞིབ་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་སྐོར་ཞིབ་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་གྲོང་ཨུད་ཀྱིས་ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དག་ཐེར་དང་སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་བཅུ་གཅིག་པའི་སྐོར་ཞིབ་ཕྱོགས་བསྡུས་གནས་ཚུལ་ལ་གསན་པ་མ་ཟད། འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་ཀྱང་གནང་ཡོད།

ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པས། ང་ཚོས་སྐོར་ཞིབ་དག་ཐེར་དང་སྐོར་ཞིབ་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་བསླབ་ཡོད། སྐོར་ཞིབ་དག་ཐེར་ལས་དོན་གྱི་ཞིབ་བཤེར་ནི“སྲུང་སྐྱོབ་གཉིས”ཡིན་པ་དང་། ཚད་འཇལ་ནི་ཆབ་སྲིད་ལ་ལྷག་བསམ་རྣམ་དག ཚད་གཞི་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡིན་ལ། འགག་རྩ་ནི་ཕན་འབྲས་ལ་བལྟ་དགོས་པས། དག་ཐེར་ལ་བརྟེན་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྔར་བས་སྐུལ་སྤེལ་བཏང་སྟེ། ཏང་གི་ཆབ་མདོར་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས་ཅེས་བསྟན།

ཚོགས་འདུ་ཡིས་ཀྲུང་དབྱང་གི་སྐོར་ཞིབ་ལན་སྤྲོད་གནད་དོན་དག་ཐེར་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་བཏང་སྟེ། གཟབ་ནན་གྱི་རྣམ་འགྱུར་ཐོག་ནས“ཕྱིར་མིག་ལྟ་བ”དང་། དག་ཐེར་གྱི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས“གཏན་འཁེལ་གཉིས”བརྩི་སྲུང་ཞུ་བ་དང་།“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་བཅུ་གཅིག་པའི་ལན་སྤྲོད་གནད་དོན་དག་ཐེར་དམ་འཛིན་བྱས་ཏེ། སྐོར་ཞིབ་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་སྐོར་ཞིབ་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཏིང་ཟབ་གཏོང་བ་དང་། དག་ཐེར་ལས་དོན་གྱི་ཉམས་མྱོང་སྤྱད་དེ་ཏན་ཏིག་གིས་སྐོར་ཞིབ་ཀྱི་རལ་གྲིར་སྔར་བས་བཀྲག་མདངས་སྤྲས་ནས་སྐབས་གསར་པའི་སྐོར་ཞིབ་ལས་དོན་ལ་རྨང་གཞི་བརྟན་པོ་འདིང་རྒྱུའི་བླང་བྱ་བཏོན་ཡོད།