འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་ཡོད།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ལ་དགོངས་པ་གཏིང་ཟབ་པས། ང་ཚོས་བདེ་འཇགས་ཐོན་སྐྱེད་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆབ་མདོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་ཏན་ཏིག་གིས་སྐུལ་སྤེལ་གཏོང་དགོས་ཅེས་བསྟན།ཚོགས་འདུ་ཡིས་ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ལས་དོན་ལ་གཞོགས་འདོགས་བྱས་པའི་གནས་ཚུལ་སྙན་སེང་ལ་གསན་པ་དང་།ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལྟ་བཤེར་ལས་དོན་ལ་གཞོགས་འདེགས་བྱེད་པ་དང་། ཚུར་ལེན་གནད་དོན་རང་འགུལ་ཐོག་རྩིས་ལེན་དང་།ཡོངས་སུ་དང་ལེན།ཇི་མ་ཇི་བཞིན། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ། ཟུར་བསྟན་ལེབ་མཐོང་གིས་དག་ཐེར་དམ་འཛིན་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུ་ཡིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་པ་དང་།མཐུན་སྒྲིལ་དང་འཐབ་རྩོད་ཕྱོགས་གཉིས་དམ་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་།“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་ཟབ་ཏུ་གཏོང་རྒྱུ། ཁྲིམས་ལྟར་དགོན་སྡེའི་དོ་དམ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ཏེ།“ཁྲིམས་འོག་ཏུ་མི་འདུས་པའི་དགོན་སྡེ་ཞིག་དང་། ཁྲིམས་འོག་ཏུ་མི་འདུས་པའི་དགེ་འདུན་པ་ཞིག”གཏན་དུ་མི་ཐོན་པ་བྱ་རྒྱུ།“ལས་ཁུངས་འཛུགས་པ་དང་།ཚན་ཁག་དོ་དམ། དཔུང་ཁག་ཁྲིད་པ།དོ་དམ་ནན་པོ།སེམས་ཁུར་ཚད་མེད”བཅས་ཀྱི་བླང་བྱ་ལྟར།ཉམས་སད་ཐེག་ཐུབ་པའི་འཐབ་ཕྱོགས་གཅིག་གྱུར་གྱི་དཔུང་ཁག་གཏོད་དེ་སྟོབས་ཤུགས་དམིགས་སར་འབྱོར་བ་དང་ནུས་པ་ཡང་དམིགས་སར་འབྱོར་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུ་ཡིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད།གྲོང་ཁྱེར་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་དང་། ཏང་འཛུགས་སྐྱོང་།“ཁུལ་གསུམ་དང་མཐོ་ས་གཅིག”རྩ་འཛུགས། འདུ་ཤེས་འཛིན་སྟངས། ཕྱོགས་བསྡུས་དཔྱད་དཔོག་བཅས་ཀྱི་ལས་དོན་སྙན་སེང་ལ་གསན་པ་དང་། དྲང་ལྡོག་ཕྱོགས་གཉིས་ཀྱི་དཔེ་མཚོན་སྤྱད་དེ་སློབ་སྦྱོང་ལ་མིག་དཔེ་ཡོད་པ་དང་ཉེན་ཟོན་ལ་མེ་ལོང་ཡོད་པར་བྱས་ནས་འགོ་ཁྲིད་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ་སོགས་ཀྱི་མངོན་གསལ་ཆེ་བའི་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་དང་ ལམ་ལུགས་འཛུགས་སྐྲུན་དཀྱུས་གཅིག་ཏུ་བསྟར་བའི་ཐོག་ནས“འཛུགས་སྐྱོང་ཆེ་མོ་དྲུག”གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་ཏང་གི་འགོ་ཁྲིད་ལ་འགན་ལེན་བྱེད་དགོས།“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་དམ་པོར་དམིགས་ཏེ།“གནས་ཐིག་ཁྱོན་གསུམ”གྱི་བརྟག་ཐབས་སྨྲ་བ་སྤྱད་དེ“ལས་འགན་གྱི་འདེགས་སྐྱོར་ཆེ་མོ་དགུ”དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་དགོས། མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་བརྟན་པོར་འཛུགས་ཏེ། ལས་སྒྲུབ་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་བཏང་ནས་རྩ་འཛུགས་ལས་དོན་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པར་བརྩོན་ལེན་བྱེད་དགོས།གཞུང་ལུགས་ཀྱི་གླེང་ཕྱོགས་དང་ཤེས་དཔལ་རིག་གནས་ཏིན་ཏིག་གིས་དམ་འཛིན་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་སྒྲུབ་ནས་གཙོ་རྒྱུན་འདུ་ཤེས་འཛིན་སྟངས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། དཔྱད་དཔོག་འབྲས་བུ་བཀོལ་སྤྱོད་ཆེ་རུ་གཏོང་བ་དང་། བྱ་དགའ་ཆད་གཅོད་ཁ་གསལ་བཟོས་ནས་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཚང་མ་སྤུས་འདེགས་དམིགས་འབྱོར་ཡོང་བར་སྐུལ་སྤེལ་བཏང་སྟེ། གཟི་བརྗིད་དང་མཚན་སྙན་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

