国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月29日

ཆབ་མདོའི་རིག་གནས་ཡུལ་སྐོར་འོས་སྦྱོར་དང་མངོན་མིན་ཤུལ་བཞག་གླུ་གར་འཁྲབ་སྟོན་ཐེན་ཅིན་དུ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“ངས་ཐེན་ཅིན་དུ་གངས་ལྗོངས་མཐོ་སྒང་གི་གླུ་གར་འཁྲབ་སྟོན་ལ་ལྟ་ཐུབ་པ་བྱུང་བ་སེམས་ལ་མ་དྲན། དེའི་དབྱངས་འགྲོས་མྱོང་ཤེས་དང་རོལ་དབྱངས་ཚོར་འདུ་དེ་བཞིན་ངོ་མཚར་ཆེ་བའི་ཉམས་འགྱུར་བཅས་ཀྱིས་ང་ལ་ཚོར་བ་ཟབ་མོ་སྦྱིན་བྱུང”ཞེས་གྲོང་མི་མཁྱེན་ལྡན་མ་ལིས་ལགས་ཀྱིས་དེ་ལྟར་བཤད།

ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་དང་མངོན་མིན་ཤུལ་བཞག་གླུ་གར་འཁྲབ་སྟོན་ཐེན་ཅིན་དུ་སྤེལ་བ་རེད། ཡུལ་དངོས་ཐོག་འོས་སྦྱོར་པས་གཡས་རུ་གྲོང་རོང་དང་། ར་འོག་མཚོ། ལ་སྒོ་འཁྱགས་རོམ། ཇ་རྟ་གནའ་ལམ་སོགས་ཀྱི་མཛེས་ལྗོངས་ངོ་སྤྲོད་བྱས་ཏེ་ཐེན་ཅིན་གྲོང་མི་དང་དེ་བཞིན་ཡུལ་སྐོར་བ་སྔ་རྗེས་སུ་བོད་ཤར་གྱི་སྦས་ཡུལ་དང་གསར་བརྗེའི་ཆབ་མདོར་གདན་འདྲེན་བྱས་ཡོད།