国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月29日

ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོཌ་ཐེངས་བཅུ་དྲུག་པ་འཚོཌ་པ།

ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཆེ་རུ་བཏང་ནས་ཆབ་མདོའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་དགོས།

ཟླ5ཚེས28ཉིན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དྲུག་པ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གསུང་བཤད་གནང་བ།

ཟླ5ཚེས28ཉིན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དྲུག་པ་འཚོགས་པ་རེད། འདི་ནི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས28ཉིན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དྲུག་པ་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གསུང་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ཉན་པ་དང་གྲོས་བསྡུར་བྱས་པ།

《ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུའི་བྱ་ཐབས་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་རྒྱུའི་སྐོར་གྱི་གཏན་འབེབས》《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དྲུག་པའི་སྤྱི་བསྒྲགས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། ཀྲོང་ཅིན་སུང་གིས《བྱ་ཐབས་འགའ་ཞིག(གྲོས་བསྡུར་མ་ཟིན)》དང《གཏན་འབེབས(འཆར་ཟིན)》སྐོར་ལ་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ནུས་རྒྱུ་གཙང་མའི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བཅས་དང་འབྲེལ་བ་ཡོད་ལ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱོན་ཡོངས་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། “གནས་ཐིག་ཁྱོན་གསུམ”གྱི་བརྟག་ཐབས་སྨྲ་བ་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་དོན་དུ་བཟུང་ནས་སྲིད་གཞུང་དང་ཁེ་ལས་བར་དྲི་གཅིག་མཉམ་འདེབས་མཐའ་འཁྱོངས་བཅས་བྱས་ཏེ། ཆབ་མདོའི་ཁྱད་ཆོས་ལྡན་པའི་གོང་འོག་སྦྲེལ་མཐུད་དང་གཡས་གཡོན་མཉམ་འགུལ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བའི་ནུས་རྒྱུ་གཙང་མའི་རྟེན་གཞི་ཞིག་གཏོད་པར་ཤུགས་རྒྱག་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་ལ་ཞབས་འདེགས་ཞུ་བ་དང་“ཀྲུང་གོའི་ཐཱན་མེད་གྲོང་ཁྱེར་ཐོག་མ”འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། མ་ལག་འདུས་གྲུབ་ཡོང་བར་བརྩི་མཐོང་བྱེད་པ། བྱེད་ནུས་བསྡུས་སྦྱོར་དང་གྲུབ་ཆ་གཅིག་འདུས། ཐོན་ལས་འདུས་ཚོགས་བཅས་མཐའ་འཁྱོངས་བྱས་ཏེ། མགྱོགས་མྱུར་གྱིས“སྤྱི་ཁྱབ་པུའི”རྟེན་གཞི་བསྐྲུན་དགོས། རང་འགུལ་ཞབས་ཞུ་དང་སྔོན་བཅར་ཞབས་ཞུ། ནུས་ཆེའི་ཞབས་ཞུ་བཅས་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས“སྔོན་བསྒྲུབ”འགན་ལེན་ཡག་པོ་སྒྲུབ་དགོས། དངོས་ཟོག་གཏོང་ཐུབ་པ་དང་དངོས་ཟོག་མཁོ་འདོན་ཐུབ་པ། དངོས་ཟོག་བཀོལ་སྤྱོད་ཐུབ་པར་མཐའ་འཁྱོངས་བྱས་ཏེ། ཧུར་ཐག་གིས“རྗེས་སྒྲུབ”འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱེད་དགོས། འཆར་འགོད་སྔོན་ལ་བཟོ་བ་དང་། འཆར་འགོད་རྩེ་གྲ་བཟོ་བ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱེད་པ། ཕུགས་ཡུན་དང་གནས་སྐབས་ཟུང་འབྲེལ། འཆར་མང་གཅིག་སྒྲིལ་མཐའ་འཁྱོངས་བྱས་ཏེ།

“གཡོན་འགུལ”གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་བ་དང་རིན་ཐང་གི་སྦྲེལ་ཐག་ཆེ་རུ་གཏོང་བ། འདོན་སྤྲོད་སྦྲེལ་ཐག་གཏོད་པ་བཅས་བྱས་ཏེ། “གཡས་འགུལ”གྱི་ཐོན་ལས་བེད་སྤྱོད་དང་འཕེལ་རྒྱས་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་ནས་ལས་དོན་ལེགས་སྒྲིག་བྱས་པའི་རྐྱེན་ནས་ཆབ་མདོ་ནས་གནས་སྤར་བ་དང་། ལས་འཁྱུར་བྱས་ཟིན་པའི་བློ་མཐུན་གྲོང་ཨུད་ཀྱི་ཨུ་ཡོན་གོ་གནས་ལས་དགོངས་ཞུར་ཆོག་མཆན་སྤྲད་པ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འཁེལ་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་དེ2026ལོའི་ཟླ་དགུ་པར་འཚོགས་རྒྱུ་ཡིན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག གསར་འབྱེད་ཡར་བརྩོན་དང་དངོས་སྒྲུབ་ལྷོད་མེད་བྱས་ཏེ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་ཆེད”དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།