国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月26日

ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས23ཉིན་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་ཉིན་མོ་ཡིན། ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པ། རིག་རྩལ་འཁྲབ་སྟོན། འཚམས་འདྲི་བསྐྱོད་པ་སོགས་ཀྱི་ལམ་ནས་ལས་བྱེད་པ་དང་མང་ཚོགས་བར་གྱི་སེམས་མཐུན་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་རྒྱལ་ཞེན་ཏང་ཞེན་གྱི་བརྩེ་བ་ཟབ་མོ་གསོ་སྐྱོང་བྱས་ཡོད།

ཉིན་དེར། ཆབ་མདོའི་རྫོང(ཆུས)ཁག་དང་། གྲོང་རྡལ་དང་། ཤང་། གྲོང་ཚོ་ཁག་གིས་སྔ་རྗེས་སུ་བརྗིད་ཉམས་ལྡན་པའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་སྤེལ་བ་རེད། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་པ་དང་འགྲོས་མཉམ་པའི་རྒྱལ་གླུ་དབྱངས་རྟ་ས་ཆེན་པོའི་ཁྱོན་དུ་གྲགས་ཏེ་བོད་ཤར་གྱི་བུ་ཕྲུག་ཚོས་བླ་ན་མེད་པའི་གུས་འདུད་ལ་བརྟེན་ནས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ཚད་མེད་དང་ལྷག་བསམ་མཚོན་ཡོད། ཆབ་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གིས་བརྗོད་དོན་གཙོ་བོའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་། སྔ་དྲོའི་ཆུ་ཚོད10ཙམ་ལ་རྒྱལ་དར་སྲུང་སྐྱེལ་རུ་ཁག་གིས་གོམ་སྟབས་བརྟན་པོ་སྤོས་ཏེ་སྐར་ལྔའི་དར་དམར་སྲུང་བཞིན་དར་སྒྲེང་སྟེགས་བུའི་ཕྱོགས་སུ་བསྐྱོད་པ་དང་ དགེ་སློབ་ཚང་མས་ཡར་ལངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།

ཟླ5པའི་ཚེས23ཉིན་གྱི་སྔ་དྲོ། ཆབ་དགོན་བྱམས་པ་གླིང་དོ་དམ་ཨུ་ལྷན་གྱིས་དགོན་སྡོད་ལས་བྱེད་པ་དང་དགོན་སྡེའི་གྲྭ་བ་དེ་བཞིན་དད་ལྡན་མང་ཚོགས་ཀྱི་འཐུས་མི་བཅས་སྒྲིག་འཛུགས་བྱས་ཏེ་དགོན་པའི་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་སྤེལ་བ་རེད། ཆུ་ཚོད9དང་སྐར་མ30ཐོག་མཛད་སྒོ་དངོས་སུ་འགོ་ཚུགས་པ་དང་། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་རོལ་དབྱངས》དཀྲོལ་བ་དང་ཆབས་ཅིག་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་པ་རེད།

གོ་འཇོ་རྫོང་གིས་ཐར་ཤུལ་དགོན་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། འཚམས་འདྲི་ཚོགས་ཆུང་གིས་གྲྭ་བཙུན་དང་བྱམས་བརྩེའི་གླེང་མོལ་བྱས་ཏེ་འཚམས་འདྲིའི་ཁུག་དམར་དང་སྨོན་འདུན་ཞུས་པ་དང་། འཚོ་བ་དང་ཉམས་ལེན་གྱི་གནས་ཚུལ་འདྲི་བ། འཕེལ་རྒྱས་ཐད་ཀྱི་བསམ་འཆར་ཉན་ཡོད། འཚམས་འདྲི་ཚོགས་ཆུང་གིས་གྲྭ་བཙུན་ཚོའི་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ། སྔོན་ཐོན་གྱི་གྲྭ་བཙུན་ཞིག་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་བཏང་ཡོད། གྲྭ་བཙུན་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། བཅའ་ཁྲིམས་ཁྲིམས་ལུགས་བརྩི་སྲུང་ཞུ་བ་དང་། ཆོས་ལུགས་གོ་རིམ་ལྡན་པ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།