国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月26日

ཀྲོང་ཅིན་སུང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་སྒྲུབ་སྐུལ་གནང་བ།

གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་སྒྲུབ་སྐུལ་གནང་བ་རེད།

ཆུའི་བདེ་འཇགས་ནི་དམངས་འཚོའི་རྩ་བ་ཡིན། ཁ་རུབ་ཆུས་སྟག་རྩ་ཐང་ཁྲོམ་གཞུང་གི་སྤང་མདའ་སྲང་ལམ་གྱི་བཙོག་ཆུ་ཐད་ཀར་ཕྱིར་འབུད་པའི་གནད་དོན་དེ་ནི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་ཐེར་འདོན་གྱོད་གཞི་ཞིག་ཡིན། ཀྲོང་ཅིན་སུང་གནད་དོན་ཐོན་སར་ཕེབས་ནས་ཡུལ་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་མཉམ་དུ་ཡུལ་དངོས་སུ་གནད་དོན་དག་ཐེར་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་ཐབས་ལ་ཞིབ་འཇུག་གནང་ཞིང་། ཁོང་གིས་ཤེས་འཕྲལ་ལེགས་བཅོས་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས་ཤིང་། གྲོང་ཁྱེར་གྱི་བཙོག་ཆུ་སྦུག་དྲ་འཛུགས་སྐྲུན་དང་ཆུའི་ཁོར་ཡུག་བཅོས་སྐྱོང་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱེད་པ་དང་གྲོང་ཁྱེར་གྱི་ས་འོག་གི“རྩ་བ”ཤར་གཏོང་ཐུབ་པ་བྱས་ཏེ། བཙོག་ཆུ་བསྡུ་དགོས་ཡོད་ཚད་བསྡུ་བ་དང་གཅོད་དགོས་ཡོད་ཚད་གཅོད་པར་འགན་ལེན་བྱས་ནས་སྐྱེ་ཁམས་གནས་སྡོད་འཚམ་པའི་གྲོང་ཁྱེར་ཞིག་སྔར་བས་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།

ཁ་རུབ་ཆུས་འགུ་རོ་གྲོང་རྡལ་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོབ་ལ་ཞན་ཆ་ཡོད་ལ་ལྟ་བཤེར་གྱིས་གནད་དོན་ཡང་བཏོན་ཡོད། ཀྲོང་ཅིན་སུང་གིས་གནད་དོན་ཐོན་སའི་ཡུལ་དངོས་སུ་ཆུ་ཁུངས་སྲུང་སྐྱོབ་དང་ཆུ་མཁོ་འདོན་འགན་ལེན་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་ཁར་དག་ཐེར་སྐུལ་འདེད་གནས་ཚུལ་ལ་ནན་ཏན་གྱིས་རྩིས་བཤེར་བྱས་ཡོད། ཁོང་གིས་སྲོག་རྩ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཆུ་མཁོ་འདོན་གྱི་བདེ་འཇགས་དང་ཆུའི་སྤུས་ཚད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཆུ་མཁོ་འདོན་གྱི་འགན་ལེན་ནུས་པ་དང་ཆུ་དོན་དོ་དམ་ཆུ་ཚད་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་ཆུ་གཙང་མ་འཐུང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་གཤོ་རྔུལ་མདའི་ཤིན་ལུང་གླ་གཏོང་ས་ཚིགས་སུ། ཀྲོང་ཅིན་སུང་གིས་ས་གནས་ས་ཐོག་ཏུ་ལྕགས་རིགས་འདག་པའི་གཏེར་རྫས་སྣུམ་གྱིས་ས་ཆ་སྦགས་བཙོག་བཟོས་པའི་གནད་དོན་དག་ཐེར་ལས་དོན་ལ་སྒྲུབ་སྐུལ་གནང་ཞིང་། ཁོང་གིས་གནད་འཕིགས་སྦགས་བཙོག་བཅོས་སྐྱོང་དང་། ཚན་རིག་དང་མཐུན་པའི་སྦགས་བཙོག་བཅོས་སྐྱོང་། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དེང་རབས་ཀྱི་བཟོ་རྩལ་སྤྱད་དེ་སྦགས་བཙོག་བཅོས་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་སྦགས་བཙོག་ཐེངས་གཉིས་པ་མི་ཐོན་པར་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྤྱི་འདོམས་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གོམས་གཤིས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅོས་སྐྱོང་རྣམ་པ་འཚོལ་ཞིབ་དང་ཕྱོགས་ཡོངས་ལྟ་རྟོག་གིས་ལྗང་མདོག་ཐཱན་ཉུང་དུ་བསྒྱུར་བར་མགྱོགས་མྱུར་ངང་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

རྟོག་ཞིབ་རིང་། ཀྲོང་ཅིན་སུང་གིས་རིམ་པ་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཆབ་སྲིད་ཀྱི་རང་བཞིན་དང་། ནན་ཏན་རང་བཞིན། གལ་ཆེན་རང་བཞིན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། རང་རྟོགས་དང་རང་འགུལ་གྱིས་ལྟ་བཤེར་དང་ལེན་བྱེད་དགོས། ནན་ཏན་གྱིས་དག་ཐེར་གྱི་ཆབ་སྲིད་ལས་འགན་དོན་འཁྱོལ་བྱེད་དགོས་ཤིང་། བདེན་བཏོན་མཐའ་སྐྱེལ་དང་ཇི་མ་ཇི་བཞིན་གྱིས་དག་ཐེར་ལས་འགན་ལེགས་སྒྲུབ་བྱས་ཏེ་རྫུན་མ་དག་ཐེར་དང་ཡིག་ཐོག་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ་དཔེ་མཚོན་གྱོད་དོན་ཁྲོད་ནས་ཉམས་མྱོང་བསྡུ་ལེན་བྱེད་པ་དང་རིགས་མཐུན་གྱི་གནད་དོན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྐྱོང་བྱེད་དགོས།“སྐབས་ཐོག་བཅོས་སྒྲིག”དང་“ཕུགས་ཕན་སྲོལ་འཛུགས་”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཟུང་བསྟན་ལེབ་མཐོང་དང་རྩ་ལག་མཉམ་བཅོས་ཀྱིས་ཕུགས་ཕན་སྒྲིག་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་དགོས་ཤིང་། ཐཱན་ཉུང་དང་སྦགས་བཙོག་ཇེ་ཉུང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་མཐུན་སྦྱོར་ངང་སྤེལ་ཏེ་བོད་ཤར་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་དུ་གཏོང་དགོས་ཅེས་བསྟན།