འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས22ཉིན། གྲོང་ཁྱེར་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་གྲོང་ཁྱེར་ཐད་གཏོགས་ཚན་པ46དང་རྫོང་ཆུས11མཉམ་འབྲེལ་སྒོས《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་4འཁོར་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ཐེངས་འདིའི་བྱེད་སྒོ་ཡིས“སྲོལ་ཡིག་སློབ་སྦྱོང་དང་།སྲོལ་ཡིག་བཀོལ་སྤྱོད།སྲོལ་ཡིག་བརྩི་སྲུང་།སྲོལ་ཡིག་སྲུང་སྐྱོབ”བཅས་བརྗོད་དོན་གཙོ་བོར་བཟུང་ནས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་།འགྲེམས་པང་འཛུགས་པ།དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ།ས་གནས་ས་ཐོག་ཏུ་དོགས་གནད་སེལ་བ་བཅས་ཀྱི་རྣམ་པའི་ཐོག་ནས“བོད་བདེའི་ཞུ་བཅར”ཁྱབ་གདལ་བཏང་བ་དང་།རིམ་ཁག་ཏང་ཡོན་ལས་བྱེད་པའི་ཁྲིམས་དང་སྒྲིག་སྲོལ་ལྟར་ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲི་ལག་ལེན་བསྟར་བར་སྔར་བས་སྐུལ་འདེད་བཏང་ནས་ཧུར་ཐག་གིས་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་།གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ།དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བའི་རྣམ་པ་ཞིག་བསྐྲུན་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ཁྱོན་《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》ཀློག་དེབ་དང་།དྲིལ་བསྒྲགས་ཤོག་ལྷེབ། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རས་ཁུག་བཅས10700ལྷག་སྤྲད་པ་དང་། མང་ཚོགས7700ལྷག་ལ་ཁྱབ་ཡོད་པ་རེད།

