ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས་བརྒྱད་པའི་ཐོག་ཆབ་མདོའི་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས21ཉིན། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས་བརྒྱད་པ་ཁྲུང་ཆིང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་པ་དང་། བོད་ལྗོངས་ཆབ་མདོའི་འཐུས་ཚབ་ཚོགས་པས“སྲིད་གཞུང་གི་ཚོགས་པ་དང་ཚོང་ཚོགས་འགྲེམས་པ”བཅས་ཀྱི་ཐོག་ནས་འགྲེམས་ཚོགས་ནང་ཞུགས་ཡོད།
ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱིས“ནུབ་རྒྱུད་གསར་པ་དང་། གསར་བཟོ་གསར་པ། ཞབས་ཞུ་གསར་པ”བཅས་བརྗོད་དོན་བཟུང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ།“ཕྱོགས་བསྡུས་སྣང་བརྙན་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས། རྒྱལ་སྤྱི་དང་ས་ཁོངས་མཉམ་ལས”བཅས་འགྲེམས་ཁུལ་ཆེ་མོ་བཞི་བཙུགས་ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ50ལྷག་ནས་ཡོང་བའི་ཁེ་ལས1400ལྷག་ཞུགས་ཡོད་པ་རེད།
པར་འདི་ནི་ཆབ་མདོའི་འགྲེམས་ཁང་ཡིན་པ།

