འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས22ཉིན། གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པའི་གྲོས་གཞི་སྒྲུབ་འགན་སྤྲོད་པའི་ཚོགས་འདུ་འཚོགས་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་རིམ་པ་དང་པོའི་སྐོར་ཞིབ་པ་ཧུའུ་ཏན་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་དང་། གྲོང་ཁྱེར་སྲིད་གཞུང་གི་ཧྲེ་ཀྲང་གཞོན་པའི་འོས་མི་སུའེ་ཁྲེན་ཡུས་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུའི་ཐོག་གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་དང་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པའི་གྲོས་གཞི་བསྡུ་ལེན་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། གྲོང་ཁྱེར་སྲིད་གྲོས་གྲོས་གཞི་ཨུ་ལྷན་གྱིས་གྲོང་ཨུད་གཞུང་དོན་ཁང་དང་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་བར་གྲོས་གཞི་རྩིས་སྤྲོད་ཡི་གེ་ཐོག་མིང་རྟགས་བཀོད་པ་རེད།

