国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月26日

མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་ཉོ་འཚོང་བརྗེ་རེས་ཚོགས་འདུ་སྐབས་བརྒྱད་པ་འགོ་ཚུགས་པ།

འདི་ནི་ཆབ་མདོའི་ཁང་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ5པའི་ཚེས22ཉིན་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་ཉོ་འཚོང་བརྗེ་རེས་ཚོགས་འདུ་སྐབས་བརྒྱད་པ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།

ཐེངས་འདིའི་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་ཉོ་འཚོང་བརྗེ་རེས་ཚོགས་འདུ་སྐབས་བརྒྱད་པའི་ཐོག་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་རྫོང(ཆུས)11གི་ཁྱད་ལྡན་ཐོན་ལས་མངོན་པ་དང་། མཐོ་སྒང་གི་ལེགས་རྫས་དང་ཚོང་འགུགས་གྲུབ་འབྲས་ལ་བརྟེན་ནས“དམར་མདངས་ཆབ་མདོ་ཧྥུའུ་ཅན་ཡུལ་དུ་བསྐྱོད། རི་དང་ཆུ་བོའི་བར་གྱི་འཆར་འགོད་མཉམ་དུ་འབྲི”བའི་མཐུན་སྦྱོར་གྱི་དབྱངས་རྟ་བསྒྲགས་ཡོད་པ་རེད། ཟླ5པའི་ཚེས21ཉིན།མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་ཉོ་འཚོང་བརྗེ་རེས་ཚོགས་འདུ་སྐབས་བརྒྱད་པའི་ཆབ་མདོའི་འགྲེམས་ཁང་གི་ཡུལ་དངོས་སུ2026ལོའི་ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ཏེ་གཙོ་གནད་རྣམ་གྲངས་ཁག་གཅིག་མཉམ་ལས་བྱ་རྒྱུར་གྲོས་མཐུན་བཞག་པ་དང་།མ་འཇོག་གཏོང་ཚད་སྒོར་དུང་ཕྱུར49ཟིན་པ་དེ་རིག་གནས་ཡུལ་སྐོར་དང་། རིག་གནས་གསར་གཏོད། ཁྱད་ལྡན་ཐོན་ལས། ཐོན་རྫས་ཉོ་འཚོང་སྦྲེལ་མཐུད་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་ཡོད་པ་རེད།