འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས22ཉིན་གྱི་ཕྱི་དྲོ།“དམར་མདངས་ཆབ་མདོ། ཡུས་བོད་བརྩེ་ཟབ”ཞེས་པའི་2026ལོའི་ཆབ་མདོའི་རིག་གནས་ཡུལ་སྐོར་གྱི་ཁྲུང་ཆིན་ཆེད་དོན་འོས་སྦྱོར་ཚོགས་འདུ་ཁྲུང་ཆིན་གྲོང་ཁྱེར་ཁྲའོ་ཐེན་མིན་ཐང་ཆེན་དུ་སྤེལ་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་ཕུལ་ཡོད།
ལའོ་ཆིན་འུའུ་ཡིས་ཤིས་ཚིག་ནང་ཆབ་མདོ་ནི“གཙང་གསུམ་མཉམ་རྒྱུག”གི་ས་ཆ་ཡིན་པ་མ་ཟད། ཇ་རྟ་གནའ་ལམ་གྱི་ཁྲོན་བོད་དང་ཡུན་བོད་ལམ་ཐིག་གཉིས་ཀྱི་འབྲེལ་མཚམས་ཀྱི་ལྟེ་བ་ཡང་ཡིན། གནས་འདིའི་རི་ཆུ་མཛེས་ཤིང་རིག་གནས་གཏིང་ཟབ་ལ་གསར་བརྗེའི་རྨང་མཐུག་པ་དང་། ཕྱོགས་སོ་སོའི་གྲོགས་པོ་རྣམ་པ་ཆབ་མདོར་བསྐྱོད་དེ་གླུ་གར་གྱི་དབྱིངས་ལ་ཞུགས་པ་དང་། ལོ་ངོ་སྟོང་གི་རིག་གནས་ཉམས་སུ་མྱོང་བ་དང་། རྒྱལ་ལམ317དང་། 349 214བཅས་ལ་ཕེབས་ཏེ་རང་བྱུང་མཛེས་ལྗོངས་ལ་ལྟ་བ་དང་ལྷད་མེད་ཀྱི་སྤྲོ་སྣང་ལ་རོལ་བར་གདན་འདྲེན་བྱས་ཡོད།

