国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月26日

གཙང་གསུམ་བུ་ཕྲུག་བཀྲ་ཤིས་རྟེན་འབྲེལ་རོལ། བདེ་སྐྱིད་གླུ་སྐད་བོད་ཤར་ཡུལ་དུ་ཁྱབ།

འདི་ནི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དེ་ཇ་རྟ་ཐང་ཆེན་དུ་སྤེལ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས23ཉིན། ཆབ་མདོ་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་ཡོད། ཞོགས་པའི་སྐྱ་མདའ་བཏང་མ་ཐག་ནས་དགོང་མོ་མུན་མ་རུབ་བར་དང་། ཇ་རྟ་ཐང་ཆེན་ནས་ས་དབང་ཐང་ཆེན་དེ་ནས་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་བར་དུ་པི་ཝང་གི་འགྱུར་ཁུགས་སྙན་ཞིང་སྐོར་བྲོའི་སྟང་སྟབས་མིག་ལ་མཛེས། དགའ་སྤྲོ་དང་སྤྲོ་སྣང་གི་ལམ་ནས་ལོ་ངོ75རིང་གི་འགྱུར་ལྡོག་ལ་བསྟོད་གླུ་ཕུལ་བ་དང་དུས་རབས་གསར་པའི་བདེ་སྐྱིད་འཚོ་བ་མཉམ་དུ་གླེང་ཡོད།

སྔ་དྲོའི་འགོ་ཚུགས་མཛད་སྒོ་གཟི་ཉམས་སྤྲོ་སྣང་ལྡན་ལ། ཕྱི་དྲོའི་ལེ་ཚན་འཁྲབ་སྟོན་འདུ་འཛི་ཡོ་ལང་རྒྱས་པ་དང་། དགོང་མོའི་རིག་རྩལ་དགོང་ཚོགས་དེ་བས་ཕུན་སུམ་ཚོགས། གར་སྟེགས་ཐོག་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11ནས་ཡོང་བའི་སྒྱུ་རྩལ་ཚོགས་པ་དང་གྲོང་རྡལ(གྲོང་ཚོ)རིག་རྩལ་ཚོགས་པ་རེས་མོས་ཀྱིས་གར་སྟེགས་ཐོག་བུད་དེ་འཁྲབ་སྟོན་པ་ཚོའི་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་འཚོ་བ་དང་ཐག་ཉེ་བའི་རིག་རྩལ་བརྩམས་ཆོས་ཀྱི་ཐོག་ནས་ཆབ་མདོའི་འཕེལ་རྒྱས་ཀྱི་འཕོ་འགྱུར་གླེང་བ་དང་བོད་ཤར་བུ་ཕྲུག་གི་བསམ་པའི་ཉམས་འགྱུར་མངོན་ཡོད། གར་སྟེགས་འོག་ཏུ་མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་བསུ་དང་ཐལ་མོ་རྡེབ་ཏེ་ཐུན་མོང་གིས་རིག་གནས་ཀྱི་གསོལ་སྟོན་ལ་རོལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རིག་རྩལ་འཁྲབ་སྟོན་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་དང་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་འགན་སྒྲུབ་བྱས་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུ་བ་དང་། རིག་རྩལ་གྱི་རྣམ་པའི་ཐོག་ནས་ཆབ་མདོ་ནི“བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”ཡིན་པའི་ངོས་ནས་བརྒྱུད་ཟིན་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་འགྲེམས་སྟོན་བྱས་ཡོད་པ་རེད།