འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས22ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། གནས་ཚུལ་སྙན་སེང་ལ་གསན་པ་དང་དོན་འཁྱོལ་ལས་དོན་བཀོད་སྒྲིག་བཅས་གནང་ཡོད།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དེས། “ཆུ་ཐོན”གྱི་ལས་འགན་བཀོད་སྒྲིག་བྱས་ཡོད་ལ“ཟམ་པ་དང་གྲུ་གཟིངས”ཀྱི་གནད་དོན་ཐག་བྱེད་པར་མཛུབ་ཁྲིད་ཀྱང་བྱས་ཡོད་པས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་།
རྨང་གཞིར་ཞིབ་འཇུག མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག གནོད་འཚེ་སྔོན་འགོག་ཉུང་གཏོང་དང་རོགས་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།རིམ་པ་ཁག་དང་ཚན་པ་ཁག་གིས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་བླངས་ཏེ་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་པ་དང་། གསར་གཏོད་རང་བཞིན་གྱིས“ལས་འགན་གྱི་འདེགས་སྐྱོར་ཆེ་མོ་དགུ”དམ་འཛིན་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་ངང་འཛུགས་སྐྲུན་བྱེད་དགོས་ཅེས་བསྟན།
ཚོགས་འདུ་ཡིས་སྐོར་གཟིགས་ལས་དོན་སྐོར་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། གྲོང་ཨུད་ཀྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་བཞི་པས་ཚུར་ལེན་བསམ་འཆར་དག་ཐེར་དོན་འཁྱོལ་བྱས་ཚུལ་དང་སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་བཅུ་གཅིག་པའི་སྐོར་ཞིབ་གནས་ཚུལ་སྙན་སེང་ལ་གསན་པ་རེད། དག་ཐེར་གྱི་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་ཤིང་། བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་ཆེ་རུ་བཏང་ནས་དག་ཐེར་བྱེད་ཤུགས་མི་འདང་སར་དཔེ་མཚོན་དང་རང་གཟུགས་དམར་རྗེན་དམ་འཛིན། བརྡ་ཁྱབ་དང་བདའ་འདེད་དམ་འཛིན་བཅས་བྱས་ཏེ། དངོས་ཡོད་བྱ་སྤྱོད་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང་།“སྲུང་སྐྱོང་གཉིས”ཐུབ་པ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཞི་རིམ་དུ་བསྲིང་བར་སྐུལ་འདེད་གཏོང་དགོས་ཤིང་། ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱ་རྒྱུ་སྐུལ་འདེད་བཏང་ནས་གྲུབ་འབྲས་ལ་བརྟེན་ནས་སྐད་ཆ་བཤད་དེ་མང་ཚོགས་བློ་ཡིད་ཚིམས་ཏུ་འཇུག་དགོས་པའི་ནན་བཤད་གནང་ཡོད། ཚོགས་འདུ་ཡིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་ལྟ་བཤེར་བྱེད་པའི་སྐུལ་སློང་ཚོགས་འདུ་དང་དེ་བཞིན་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད་ལྟ་བཤེར་ཚུར་ལེན་གནད་དོན་དག་ཐེར་གནས་ཚུལ་སྙན་སེང་ལ་གསན་པ་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གཞོགས་འདེགས་བྱས་ཏེ། ལྟ་བཤེར་གྱིས་ཚུར་ལེན་སྤྲད་པའི་གནད་དོན་ལ་ཆ་རྐྱེན་མི་བརྩི་བ་དང་། འཐེན་སྐུམ་མི་བྱེད་པ། འགྱུར་བ་མི་གཏོང་བར་ཤེས་འཕྲལ་ལེགས་བཅོས་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ་དང་། ཟུར་བསྟན་ལེབ་མཐོང་གིས་རྒྱུན་རྣམ་དང་ཡུན་ཕན་སྒྲིག་གཞི་འཛུགས་དགོས། ཞིབ་ཕྲའི་གནད་དོན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་རིམ་པར་བསྣུར་བ་དང་དབྱེ་ཞིབ་བྱེད་པ་དང་། འགོ་ཁུངས་ནས་ཡོ་བསྲང་དང་རྩ་བ་ནས་གཙང་བཤེར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་སྐུལ་སྤེལ་བཏང་ནས་བོད་ཤར་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་དུ་གཏོང་བ་དང་དམངས་འཚོའི་བདེ་རྩ་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུ་ཡིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།

