国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月22日

གྲོང་ཁྱེར་ཡོངས་ཀྱི2026ལོའི་གྲོང་ཁྱེར་ལས་དོན་གྱི་ ཡུལ་དངོས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས18ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཡོངས་ཀྱི2026ལོའི་གྲོང་ཁྱེར་ལས་དོན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ཏེ་གྲོང་ཁྱེར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།བསམ་བློ་སྔར་བས་གཅིག་གྱུར་དང་འགན་འཁྲི་ནན་དཀྲིས། དཀའ་གནད་འགག་སྒྲོལ་བཅས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་བ་རེད།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཧྲེ་ཀྲང་གཞོན་པ་མིག་ཚེ་ཡིས་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་ཁྱེར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཁ་རུབ་ཆུས་གྲོང་ཁྱེར་ལས་དོན་སྤེལ་ཚུལ་སྙན་སེང་ལ་གསན་པ་རེད།

ལའོ་ཆིན་འུའུ་ཡིས་གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཧེ་བག་དང་མི་འདང་སར་ཡང་དག་པར་བལྟ་བ་དང་། གྲོང་ཁྱེར་ལས་དོན་གྱི་འདུ་ཤེས་དང་དོན་སྤྱི་ཁ་གསལ་ཏུ་བཟོ་བ། འཕེལ་རྒྱས་ཀྱི་དམིགས་ཚད་དང་གནད་དོན་ལ་གདོང་གཏོད་པ། གྲོང་ཁྱེར་གྱི་བར་སྟོང་འཆར་འགོད་དང་ཁོངས་གཏོགས་ཉམས་ལེན་ཡག་པོ་སྒྲུབ་པ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་བ། གྲོང་ཁྱེར་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་འཁུར་ཕོད་པ་དང་བྱ་བ་སྒྲུབ་མཁས་པ་བྱས་ཏེ། གྲོང་ཁྱེར་ལས་དོན་གྱི་བརྩེ་བ་དང་དགོས་མཁོ། ལམ་ལུགས་ཀྱི་ངེས་ཤེས་གཏིང་ཟབ་བཏང་ནས་ཆེད་ལས་ཀྱི་བྱང་ཚད་དང་ཁྲིམས་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།ལམ་ལུགས་ཀྱི་འཆར་འགོད་དང་ལག་བསྟར་ཆེ་རུ་བཏང་ནས་མཐུན་སྦྱོར་མཉམ་འགུལ་ཁྲོད་ལས་སྒྲུབ་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་དང་། དམངས་ཆེད་ཞབས་ཞུ་ནང་སྲིད་གཞུང་གི་འགན་འཁྲི་ཚད་ལྡན་བཏང་ནས“མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པ”བྱེད་དགོས་པའི་ནན་བཤད་གནང་ཡོད།