国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月22日

ཆབ་མདོ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པ་དང་ཁག་བཅོ་ལྔ་པ་བརྗེ་རེས་རྩིས་ལེན་བདེ་བླག་ངང་ལེགས་གྲུབ་བྱུང་བ།

འདི་ནི་གྲོང་མིས་གྲོང་སྡོད་ལས་བྱེད་པར་ཁ་བཏགས་སྒྲོན་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་གསེབ་དར་རྒྱས་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་། ཆབ་མདོ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པ་དང་ཁག་བཅོ་ལྔ་པ་བརྗེ་རེས་རྩིས་ལེན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།

ཉེ་ཆར།གྲོང་ཁྱེར་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག1148ཚང་མ་བཅའ་སྡོད་བྱས་ཟིན་པ་དང་།གྲོང་སྡོད་ལས་བྱེད་པ་ཁག་གསར་པ་ཡིས་ཐོག་མའི་བསམ་འདུན་འཆང་ནས་གཞི་རིམ་དུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་ཀྱི“རྒྱུག་མཐུད་དབྱུག་པ”དང་དུ་བླངས་ནས་བོད་ཤར་གྱི་ས་ཆེན་པོའི་དམངས་འཚོའི་ལེའུ་གསར་པ་མུ་མཐུད་དུ་རྩོམ་རྒྱུ་ཡིན་པ་རེད།

བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱ་ཆེད། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་ཡིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱ་གཞིར་བརྩིས་ཏེ། བཀོད་སྒྲིག་ཞིབ་ཚགས་དང་སྐུལ་འདེད་ཞིབ་ཕྲ་བཅས་བྱས་ཏེ། གྲོང་སྡོད་རོགས་སྐྱོབ་དེ་གཅིག་རྒྱུན་གཅིག་འཛིན་ཁྲོད་དམངས་སེམས་སྔར་བས་ཉེ་བར་བཅར་བ་དང་ཕན་འབྲས་དེ་བས་ཐོབ་པར་བྱས་ཡོད་པ་རེད།

གྲོང་སྡོད་ལས་བྱེད་པ་ཁག་གསར་པས་བོད་ཤར་གྱི་གྲོང་གསེབ་དུ་གཞི་ཚུགས་ཏེ་ཁོ་ཚོས་རྒྱུན་མཐུད་འབད་འཐབ་དང་དོན་འཁྱོལ་དངོས་སྒྲུབ་ཀྱིས་ཐོག་མའི་བསམ་འདུན་ཞིང་ཁའི་མུ་ཁར་འབྲི་བ་དང་འགན་འཁྲི་དྲོན་མོ་དམངས་འཚོའི་དོན་དངོས་སུ་ལག་ལེན་བསྟར་ཏེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་གཞི་རིམ་གྱི་སྟོབས་ཤུགས་བརྟན་པོ་སྣོན་རྒྱུ་ཡིན་པ་རེད།