国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月22日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས18ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གླ་བདེ་སྡོད་ཁང་ཁུལ་ཆུང་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ། གྲོང་ཁྱེར་གྱི་ཁྲོམ་གཞུང་བཅས་ཀྱི་འཐབ་ས་དང་པོར་ཕེབས་ཏེ་གྲོང་ཁྱེར་གསར་སྒྱུར་དང་།རྨང་གཞིའི་སྒྲིག་བཀོད་མཐོར་འདེགས། དམངས་འཚོའི་ལྷུ་ལག་འཐུས་ཚང་སོགས་ཀྱི་གཙོ་གནད་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བའི་ཁར།ས་གནས་ས་ཐོག་ཏུ་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་བྱེད་པའི་བརྒྱུད་རིམ་ཐད་གནས་པའི་དཀའ་ས་དང་འགག་སའི་གནད་དོན་སེལ་བ་རེད།ཧྲེ་ཀྲང་གཞོན་པ་མིག་ཚེ་རྟོག་ཞིབ་ནང་ཞུགས་ཡོད།

ལའོ་ཆིན་འུའུ་ཡིས་སྔ་རྗེས་སུ་སྟག་གཡེར་ཁ་གླ་བདེ་སྡོད་ཁང་ཁུལ་ཆུང་དང་།སྤང་མདའ་གཞུང་ ཁྲོམ་ཆེན་གཞུང་།མར་ཐང་སྲང་ལམ་གྱི་བདེ་སྐྱིད་ཁུལ་ཆུང་སོགས་སུ་ཕེབས་ཏེ་སྡེ་ཁུལ་ལས་དོན་པ་དང་རྣམ་གྲངས་ལས་བཟོ་པར་བྱམས་བརྩེའི་གླེང་མོལ་བྱས་ཏེ་སྡེ་ལས་ཞབས་ཞུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད།ཁུལ་ཆུང་རྙིང་པ་སྤུས་འདེགས། སྡེ་ཁུལ་གྱི་ཟ་ཁང་འཁོར་སྐྱོད། ས་འོག་རླངས་འཁོར་འཇོག་གནས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་གྱིས་གསན་པ་མ་ཟད།གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་དང་ཞབས་ཞུའི་འགན་སྲུང་ལས་དོན་ལ་ཁྲིད་སྟོན་བྱས་ཡོད་པ་རེད།

རྫོང(ཆུས)ཁག་གི་མི་དམངས་སྲིད་གཞུང་དང་གྲོང་ཁྱེར་རིམ་པའི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་སོགས་ཀྱིས་ལྷན་དུ་རྟོག་ཞིབ་བྱས་ཡོད།