འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཁྲུང་ཆིན་གྲོང་ཁྱེར་དུ་བསྐྱོད་དེ་ཁྲུང་ཆིན་གྲོང་ཁྱེར་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་། ཁྲུང་ཆིན་ཨར་ལས་ཚོགས་པ། ཁྲུང་ཆིན་གྲོང་ཁྱེར་སློབ་འབྲིང་བཅོ་བརྒྱད་པ་སོགས་སུ་ཁྲུང་ཆིན་དུ་སྡོད་པའི་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་ལས་ཞུགས་སློབ་ཆེན་པ་དང་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་གསོ་སྐྱོང་དུ་བཅོལ་བའི་སློབ་མ་བཅས་ལ་བྱམས་བརྩེའི་འཚམས་འདྲི་བྱས་པ་མ་ཟད་ཁྱབ་ཁོངས་གཙོ་བོའི་ག་སྦྱར་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བར་སྐུལ་སྤེལ་བཏང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ཐན་ཧའོ་དང་ཕུའུ་ཡུས་ཧའེ་བྱེད་སྒོ་ནང་ཞུགས་ཡོད།
ལའོ་ཆིན་འུའུ་ཡིས་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་ལས་ཞུགས་སློབ་ཆེན་པ་དང་མཇལ་འཕྲད་གནང་སྐབས། ཁྲུང་ཆིན་གྱི་འཕེལ་རྒྱས་མདུན་ལམ་རྒྱ་ཆེ་ཞིང་མི་འབོར་གྱི་དགོས་མཁོ་ཆེན་པོ་ལྡན་པས། ལས་གནས་ལ་གཞི་ཚུགས་ཏེ་དངོས་འཛིན་དངོས་སྒྲུབ་དང་རང་སྟོབས་རང་སྤེལ་གྱིས་བློ་གྲོས་དང་རྔུལ་ཆུ་ལ་བརྟེན་ནས་མི་ཚེའི་རིན་ཐང་རྩོམ་རྒྱུའི་རེ་བ་བཏོན་ཡོད།
ཁྲུང་ཆིན་གྲོང་ཁྱེར་སློབ་འབྲིང་བཅོ་བརྒྱད་པ་རུ། ལའོ་ཆིན་འུའུ་ཡིས་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་སློབ་མར་ཕ་ཡུལ་གྱི་བྲོ་བ་བསྩལ་བའི་ཁར། སློབ་གྲྭའི་དགེ་རྒན་དང་སློབ་མའི་འཐུས་ཚབ་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ལ་གསན་ཞིང་། རང་ཉིད་ཀྱི་སློབ་སྦྱོང་བརྒྱུད་རིམ་ལ་བརྟེན་ནས་ཕྲུ་གུ་ཚོའི་དྲིན་ཚོར་མདུན་སྐྱོད་དང་། སློབ་སྦྱོང་འབད་བརྩོན་བཅས་བྱས་ཏེ་སྔ་མོ་ནས་ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་དྲིན་ལན་འཇལ་བའི་གདུང་འདེགས་ཀ་བ་ཞིག་ཆགས་པ་བྱ་རྒྱུའི་སྐུལ་ལྕག་གནང་ཡོད།

