འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་མཉམ་དུ་སློབ་སྦྱོང་བྱས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུ་ཡིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་དེ་ཉིད་ཀྲུང་གོ་ཅན་དང་དེང་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཡིན་ལ། རྒྱང་ལམ་གསར་པའི་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་རྩ་འཛིན་ཡང་ཡིན་པས། དེས་ང་ཚོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཆབ་མདོ་སྐྱོང་བ་དང་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་ཆབ་མདོ་བསྐྲུན་པར་ཚན་རིག་གི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།
རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་འབྱེད་ཡར་བརྩོན་དང་བརྟན་ཐོག་ཡར་འཕེལ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དགོས་ཅེས་བསྟན།
ཚོགས་འདུ་ཡིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པར་ཁྲིམས་སྐྱོང་གི་ཁྲིད་སྟོན་དང་། སྐུལ་འདེད། ཚད་ལྡན། འགན་ལེན་བཅས་དང་ཁ་འབྲལ་ཐབས་མེད་པས། ངེས་པར་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཁྲིམས་ལྟར་གྲོང་སྐྱོང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། གནད་ལ་འཁེལ་བའི་སྒོ་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་དགོས་ཤིང་། མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་ཁྲིམས་ལུགས་ཁྲིམས་སྲོལ་གསལ་པོ་བཤད་དེ་ཅི་ཞིག་སྒྲུབ་ཐུབ་པའི་ཁྲིད་ཕྱོགས་འཛུགས་དགོས། ཁྲིམས་ལྟར་རྡུང་རྡེག་གཏོང་དགོས་ཤིང་། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་མཐའ་དག་ལ་གོམ་པ་གང་ཡང་ཕྱི་བཤོལ་མི་བྱེད་པར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། གྱོད་དཔེར་བརྟེན་ཉེན་བརྡ་གཏོང་དགོས་ཤིང་། དཔེ་མཚོན་གྱོད་དཔེ་དེ་དག་ཉེན་ཟོན་སློབ་དེབ་བཟོས་ནས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་བགྲོ་གླེང་བྱས་ནས“གྱོད་དཔེ་གཅིག་སྒྲུབ་པ་དང་། ཡུག་ཁུལ་གཅིག་ཉེན་བརྡ། ས་ཁོངས་གཅིག་བཅོས་སྐྱོང”ཐུབ་ཡོད། འགན་འཁྲི་ནན་དཀྲི་བྱེད་དགོས་ཤིང་། ཁྲིམས་སྐྱོང་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། གོང་འོག་འབྲེལ་མཐུད་དང་། གཡས་གཡོན་གཞོགས་འདེགས། བསམ་སྤྱོད་གཅིག་མཐུན་བཅས་ཀྱི་ཁྲིམས་སྐྱོང་ལས་ཀའི་རྣམ་པ་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་ཁ་ཤས་ཀྱིས་སྤེལ་རེས་གཏམ་བཤད་བྱས་ཡོད།

