ཉེ་ཆར།འཇོ་མདའ་རྫོང་ཐང་ཕུག་ཤང་བདེ་སྐྱིད་ཟ་ལས་གླིང་གར་འཇོ་མདའ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས2026ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་ཐུན་མོང་གི་མཚན་སྙན་ཐོབ་མཁན་ལ་རྟགས་མ་དང་དཔང་ཡིག་བསྩལ་བ་དང་།བྱ་དགའ་ཐོབ་མཁན་ཐུན་མོང་གིས་མཚན་སྙན་ལ་གཅེས་སྤྲས་དང་མདུན་སྐྱོད་ཡར་བརྩོན་བཅས་བྱས་ཏེ།མང་ཚོགས་ཀྱི་ཁྲོད་ནས་མིག་དཔེའི་ནུས་པ་འདོན་སྤེལ་དང་བུད་མེད་ཀྱི་མཛེས་སྡུག་མངོན་པར་བྱ་རྒྱུའི་རེ་བ་བཏོན་ཡོད།ཟ་ལས་གླིང་གའི་འགན་འཁུར་བས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བཅས་བྱས་ནས་འཇོ་མདའ་རྫོང་གྲོང་གསེབ་དར་རྒྱས་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་བུད་མེད་ཀྱི་སྟོབས་ཤུགས་སྣོན་འདོད་ཡོད་པའི་བསམ་པ་བསྟན་ཡོད། པར་འདི་ནི་བྱ་དགའ་སྤྲོད་པའི་ཡུལ་དངོས་ཡིན་པ།