འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས14ཉིན་གྱི་སྔ་དྲོ། རང་རེའི་གྲོང་ཁྱེར་གྱིས་ས་ཁུལ་རིམ་པའི་འགོ་ཁྲིད་ཀྱི་ཡིག་སྐུར་ཞུ་གཏུག་སྣེ་ལེན་ཉིན་མོའི་བྱེད་སྒོ་སྤེལ་ནས། ཡིག་སྐུར་ཞུ་གཏུག་བྱེད་མཁན་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ་རེད། ཡིག་སྐུར་ཞུ་གཏུག་ལ་སྣེ་ལེན་བྱ་ཡུལ་དུ། ཧྲེ་ཀྲང་གཞོན་པ་ཡང་ཝུན་ཧྲན་གྱིས་ཡིག་སྐུར་ཞུ་གཏུག་ཡོང་མཁན་མང་ཚོགས་ཀྱི་རེ་ཞུ་ཉན་པ་དང་།དོན་ཆེན་གྱི་གོ་རིམ་གསེད་བཀྲོལ་བྱས་པ།ཡིག་སྐུར་ཞུ་གཏུག་གྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྐོར་འདྲི་རྩད་ཞིབ་བཤེར་བྱེད་པ་བཅས་བྱས་ནས།གནད་དོན་གྱི་འབྱུང་རྐྱེན་དང་འགལ་ཟླའི་འབྱུང་གཞི་ལ་ཞིབ་འཇུག་དང་བརྡར་གཅོད་གནད་འཕིགས་བྱས་ཡོད་པ་རེད།

